悼念 阿宗江嘎法王

༄༅། །སྙིང་ཐིག་བསྟན་པའི་བདག་པོ་ཨ་འཛོམ་འབྲུག་པ་རིན་པོ་ཆེའི་ཡང་སྤྲུལ་ཨ་འཛོམས་འབྲུག་སྤྲུལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་གི་དབུས། སྤྲུལ་སྐུ་མཁན་པོ་སྐྱ་སེར་ཡོངས་ལ།
རང་ཅག་སྔ་འགྱུར་རྙིང་མའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བསྟན་པའི་མངའ་བདག་༸ སྐྱབས་རྗེ་ཨ་འཛོམས་ རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ ངོར་རེ་ཞིག་ཆོས་སྐུ་ཞི་བའི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའི་གནས་ཚུལ་ཐོས་པ་འདི་ནི་སངས་རྒྱས་བསྟན་པ་སྤྱི་དང་ལྷག་པར་དུ་དཔལ་གསང་ཆེན་སྔ་འགྱུར་ཆེ་བ་དྲུག་ལྡན་ཡོངས་ལ་གྱོང་གུན་ཆེན་པ་ཡིན་པ་སྨོས་མེད་ལགས།