གསར་འགྱུར་ཅིག

ཤེས་རབ་དང་སྙིང་རྗེ།

ཤེས་རབ་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད། སྙིང་རྗེ་ཡིས་གཞན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དེ་འདྲ་ལ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཞེས་གོ་བ་ལེན་དགོས་ཀྱི་ཡོད་པ་འདྲ།

རང་མགོ་རང་གིས་མ་བསྐོར་བ།

༈ ང་རང་ཚོས་གཞན་གྱིས་མགོ་སྐོར་བཏང་ཡོང་དྲན་ནས་སྐྲག་གི་ཡོད་རེད། འོན་ཀྱང་འདི་ལ་དེ་ཙམ་ཉེན་ཁ་ཡོད་མ་རེད། ཡིན་ན་ཡང་། རང་མགོ་རང་གི་བསྐོར་ན་དེ་ལ་མཇུག་རྫོགས་ཡོང་རྒྱུ་ཡོད་མ་རེད། དེ་ཡིན་དུས་རང་མགོ་རང་གིས་མ་བསྐོར་བ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

གཞན་དོན་བྱེད་ཟེར་བ་དེ།

༈ །གཞན་དོན་བྱེད་ཟེར་བ་དེ། ནུས་པ་ཡོད་མཁན་ཚོས་ལག་པ་རེ་སྐྱོང་། ནུས་པ་མེད་མཁན་ཚོས་སྨོན་ལམ་རེ་རྒྱོབ། དེ་གཉིས་མ་བརྗེད་པ་གྱིས་དང་ཡག་མོ་རེད་འདུག་ཡོད་རེད།

དེང་སང་སྔ་འགྱུར་བ་མང་པོ་ཞིག་གིས་རང་སྟོང་གི་ལྟ་བ་ལ་ཐུགས་དགྱེས་དགྱེས་གནང་གིན་ཡོད་པ་འདྲ།

དེང་སང་སྔ་འགྱུར་བ་མང་པོ་ཞིག་གིས་རང་སྟོང་གི་ལྟ་བ་ལ་ཐུགས་དགྱེས་དགྱེས་གནང་གིན་ཡོད་པ་འདྲ།

བདེན་གཉིས་ཟུང་འཇུག་ཟེར་བ་དེ་ཐག་རིང་པོ་ཞིག་ལ་བསྐྱལ་ཚར་བ་རེད།

འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཚད་མ་གཉིས་ཀྱི་ཐིག་ངེས་ཅན་དུ་གདབ་དགོས་ཟེར་བའི་བསམ་ཚུལ་དེ་ཡོད་ཕན་ཆད། བདེན་གཉིས་ཟུང་འཇུག་ཟེར་བ་དེ་ཐག་རིང་པོ་ཞིག་ལ་བསྐྱལ་ཚར་བ་རེད།