རིགས་པའི་དགག་བྱ་གཙོ་བོར་བྱས་ནས་ངོ་བོ་སྟོང་པའི་ཆ་གཏན་ལ་འབེབས་མཁན་དེ་དབུ་མ་རང་སྟོང་པ།

ལམ་གྱི་དགག་བྱ་གཙོ་བོར་བྱས་ནས་རང་བཞིན་གསལ་བའི་ཆ་གཏན་ལ་འབེབས་མཁན་དེ་དབུ་མ་གཞན་སྟོང་པ།

དེ་གཉིས་ཀ་ལ་གལ་ཆུང་དུ་མི་འཛིན་པར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གཙོ་བོར་བྱེད་མཁན་དེ་སྔ་འགྱུར་རྙིང་མ་པ་ཡིན།

དེ་གསུམ་ཀ་ཡང་མཐར་འབབ་ས་བདེན་གཉིས་ཟུང་འཇུག་ལ་ཐུག་རེད།

ཚེ་མིང་འཛིན་པ་ནས་སྤྱི་ལོ ༢༠༢༦ ཟླ ༢ ཚེས ༩ ལ་བྲིས།

རྒྱ་ཡིག 都會達到二諦雙融

དབྱིན་ཇིའི་ཡིག Achieving the integration