རྨོངས་དད་ཟེར་བ་དེ་གལ་ཆེན་པོ་རེད།

Choktrul20210414

འཿ ཨཿ ཧཿ ཤཿ སཿ མཿ

༼ རྨོངས་དད་ཟེར་བ་དེ་གལ་ཆེན་པོ་རེད། ༽

༄།   །མོས་གུས་ཟེར་བ་འདི།   གདུང་སེམས་ཡིན་པ། ཆགས་སེམས་ཡིན་པ།   གཅེས་འཛིན་ཡིན་པ། དགའ་བ་ཡོད་པ།   གུས་པ་ཡོད་པ།   བརྒྱབ་བསྐྱོར་ཡོད་པ།   རྒྱུ་མཚན་གང་ཡང་མེད་ཀྱང་ཁྱེད་ཀྱིས་རྗེས་སུ་འབྲངས་པ།   དགའ་ས་ཡིན་ལ།   སྐྲག་ས་ཡིན་པ་ཞིག་འདི་དང་འདི་ལྟ་བུའི་བསམ་ཚུལ་ཞིག་ལ་གོ་དགོས།   མདོར་ན།   ཁྱེད་དྲན་དུས་དགའ་ཡང་དགའ།   སྐྱོ་ཡང་སྐྱོ་བའི་ཚོར་སྣང་ཞིག་ལ་མོས་གུས་བཞག་ཆོག་སྙམ་གྱི་འདུག སྤྱིར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་དང་དབང་རྟུལ་དད་པའི་རྗེས་འབྲངས་གཉིས་སུ་ཕྱེ་ཡང་།   དོན་ངོ་མར་ལམ་ཉམས་སུ་ལེན་པའི་སྐབས་སུ་དད་པའི་རྗེས་འབྲང་ཁོ་ན་མ་བརྟེན་ཐབས་མེད་རེད།   རྨོངས་དད་ཟེར་བ་འདི་ཧ་ཅང་གལ་ཆེན་རེད།   སེམས་ནང་དུ་ཐེ་ཚོམ་བྱུང་ཚད་རྒྱུ་མཚན་བཙལ་དགོས་ན།   རྣམ་རྟོག་མཐའ་མེད་ཡིན་དུས་རེ་བ་འགྲུབ་པའི་དུས་ཡོད་མ་རེད།   རྨོངས་དད་ཟེར་བ་འདི་མཁས་དབང་ཚོའི་ཐུགས་ལ་དེ་ཙམ་འབབ་ཀྱི་མ་རེད།   ཡིན་ནའང་དེ་མེད་ན་ཆོས་བསྒྲུབ་ཚུལ་མེད་པ་ཞིག་ཆགས་ཡོད་རེད།   ཀུན་གྱི་ཐུགས་བསམ་བཞེས་རོགས།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༢༢ལ་ཕུལ།

རྒྱ་ཡིག   迷信很重要
Facebook link