སྐྱབས་རྗེ་དཔལ་ཡུལ་དར་ཐང་ལྷ་སྤྲུལ་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན།

ཨོཾ་ཨ་མཱ་ར་ཎི་ཛཱིབནྟི་ཡེ་སྭཱ་ཧཱ།

白玉喇智法王 鄔金尕昂尼瑪尊者

༄།   །མདོ་སྨད་ཁམས་སུ་རྒྱལ་དབང་དཔལ་ཡུལ་བའི་བསྟན་པ་ལ་བཤད་སྒྲུབ་ལས་གསུམ་གྱིས་མཛད་བཟང་བཀའ་དྲིན་བླ་ལྷག་ཏུ་ཆེ་བ།   ༧སྐྱབས་རྗེ་དཔལ་ཡུལ་དར་ཐང་ལྷ་སྤྲུལ་ཨོ་རྒྱན་གར་དབང་ཉི་མ་མཆོག་གི་འཁྲུངས་སྐར་ལ་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་མགོན་པོ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཞིང་མཛད་འཕྲིན་ཉི་ཟླའི་འོད་སྣང་ཕྱོགས་ཀྱི་མཐའ་གྲུའི་ཀུན་ཏུ་ཁྱབ་པའི་སྨོན་འདུན་བཅས།

དཔལ་ཡུལ་དར་ཐང་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༢༦ལ་ཕུལ།

རྒྱ་ཡིག   恭祝尊貴的白玉喇智法王萬壽無疆
དབྱིན་ཇིའི་ཡིག   Congratulation for His Holiness’s Birthday
Facebook link