ཁོང་རྣམ་གཉིས་སྐུ་ཚེ་བརྟན་པའི་སྨོན་འདུན་གྲངས་མེད་བཅས།

印度南卓林寺住持法王 蔣康秋祖仁波切

 

༄། །དེ་རིང་མཚམས་ལས་གྲོལ་བ་དང་མཉམ་དུ་རྡོ་རྗེའི་མཆེད་གྲོགས་དམ་པ་རིགས་བདག་བླ་མའི་ཐུགས་སྲས་ཐེག་མཆོག་རྣམ་གྲོལ་གླིང་གི་དགོན་བདག་གྱང་ཁང་མཆོག་སྤྲུལ་ཐུབ་བསྟན་སྨྲ་བའི་ཉི་མ་འཇིགས་མེད་སེངྒེ་ཕྱོགས་ལས་རྣམ་པར་རྒྱལ་པའི་སྡེ་མཆོག་དང་།   རང་གི་གཅུང་པོ་གཙང་སྟོད་དཔལ་རི་འཕྱོང་རྒྱས་གླིང་གི༧སྐྱབས་མགོན་གྱི་སྤྲུལ་སྐུ་འཇིགས་མེད་ནོར་བུ་རྣམ་གཉིས་དང་ལྷན་དུ་སྐར་རྟགས་ལྔ་བའི་གསོལ་ཁང་ཞིག་གི་ནང་དུ་དགོང་ཟས་ལྷན་རོལ་གྱི་གོ་སྐབས་བྱུང་བས་ཧ་ཅང་སེམས་སྐྱིད་པོ་བྱུང་།   ཁོང་རྣམ་གཉིས་སྐུ་ཚེ་བརྟན་པའི་སྨོན་འདུན་གྲངས་མེད་བཅས།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༡༨ལ།

རྒྱ་ཡིག   與蔣康法王聚餐
དབྱིན་ཇིའི་ཡིག   Dining with H.E. Kyabje Gyangkhang Chotrul Rinpoche

གྱང་ཁང་མཆོག་སྤྲུལ་གྱི་དྲ་གནས།
ཐེག་མཆོག་རྣམ་གྲོལ་གླིང་གི་དྲ་གནས།
དཔལ་རི་འཕྱོང་རྒྱས་གླིང།