དགེ་སྡིག་ལ་ཡིད་ཆེས་འདྲ་མཉམ་བྱེད་དགོས།

Vimala-kirti

༼ དགེ་སྡིག་ལ་ཡིད་ཆེས་འདྲ་མཉམ་བྱེད་དགོས། ༽

༄། །དེང་སང་མཁན་སློབ་མང་པོས་རྒྱལ་ཕྱི་ནང་ཀུན་ཏུ་ཆོས་བཤད་བྱེད་སྐབས་སྡིག་པའི་ཉེས་དམིགས་མང་དུ་འཆད་པ་དང་།   སྡོམ་པ་སྲུང་མ་ཐུབ་ན་དམྱལ་བར་སྐྱེ་གི་རེད་ཟེར་ནས།   མི་ཚང་མར་དངངས་སྐྲག་དང་བློ་མི་བདེ་བའི་སློབ་གསོ་རྐྱང་བ་རྒྱག་གི་འདུག   དེ་ངས་བསམ་ན་ཅུང་ཙམ་ནོར་བ་རེད་འདུག   དེ་འདྲ་བཤད་པའི་མཇུག་འབྲས་ལ།   མི་མང་པོ་ཞིག་ནང་ཆོས་ལ་འཇུག་འདོད་མེད་པར་འགྱུར་བ་དང་།   ཞུགས་ཟིན་པ་མང་པོ་ཞིག་སླར་ལྡོག་གི་འདུག   དེའི་ཕྱིར་དགེ་བའི་ཕན་ཡོན་མང་ཙམ་གསུང་རྒྱུ་དང་།   སངས་རྒྱས་ལ་དད་པ་བཞག་པའི་ཕན་ཡོན་སྐོར་མང་ཙམ་གསུངས་ཐུབ་པ་ཡིན་ན།   ཁོང་ཚོའི་སེམས་ནང་ལ་ཆོས་ལ་མོས་པའི་དགའ་བ་དང་སྤྲོ་བ་ཡར་རྒྱས་འོང་གི་རེད་ལ།   དེ་ལྟར་འོང་ན་མི་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་ཆོས་ལ་འཇུག་གི་རེད།   དེས་ན་ཀུན་གྱིས་ཐུགས་ལ་འཛིན་རྒྱུ་གལ་ཆེ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༧ལ།

རྒྱ་ཡིག   不要只相信一半
དབྱིན་ཇིའི་ཡིག   Don’t Just Believe Half of It
Wechat link