དེང་སང་རག་དུང་ཁ་ཕྱིར་འབུད་མཁན་རྐྱང་རྐྱང་རེད།

Choktrul20201223

དེང་སང་རག་དུང་ཁ་ཕྱིར་འབུད་མཁན་རྐྱང་རྐྱང་རེད།

༄།   །དེ་རིང་ཁར་སང་མཐོ་དམན་དྲག་ཞན་མཁས་བླུན་ཀུན་གྱིས་ཞིབ་འཇུག་བྱ་རྒྱུ་གཙོ་བོ་ནི།   ཆོས་འཆད་མཁན་གྱི་དགེ་བའི་བཤེས་གཉེན་དང་།   དབང་སྐུར་མཁན་གྱི་རྡོ་རྗེ་སློབ་དཔོན་དང་།   ཁྲིད་འདེབས་པའི་བསྟན་པ་རིན་པོ་ཆེའི་གསལ་བྱེད་དུ་གྱུར་པའི་བླ་མ་རྣམས་ལ།   མདོ་རྒྱུད་ལས་བསྟན་པའི་དགེ་བའི་བཤེས་གཉེན་དང་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་མ་ཚང་བཤད་དེ།   ཁ་ཕར་བསྐོར་ནས་བརྟག་དཔྱད་འབའ་ཞིག་བྱེད་པ་ལས། རང་ཉིད་ལ་མདོ་རྒྱུད་བསྟན་བཅོས་ལས་གསུངས་པའི་སློབ་མ་ཚད་ལྡན་ཞིག་གི་ཆ་ཚད་ལྡན་མིན་ལ་བསམ་བློ་ཅུང་ཟད་ཙམ་ཡང་གཏོང་གི་མི་འདུག་ལ།   འདི་ལ་བསམ་བློ་གཏོང་དགོས་སྣང་ཙམ་ཡང་འཆར་གི་མི་འདུག ངས་བལྟས་ན་འདི་ཧ་ཅང་ཡ་མཚན་པོ་ཞིག་ཆགས་ཡོད་དེ།   ད་ལྟའི་མཁན་སྤྲུལ་དགེ་བཤེས་རྣམས་པ་དང་།   སྔགས་འཆང་རྡོ་རྗེ་སློབ་དཔོན་སོགས་བླ་མ་དམ་པ་རྣམས་ལ།   མཚན་ཉིད་བཅུ་ལྟ་བུ་ཞིག་ཚང་དགོས་རྒྱུ་ཡོད་ན་དེའི་ནང་ནས་དགུ་མ་ཚང་ཡང་གཅིག་ཚང་ཡོད་པ་ནི་ངེས་པར་སྨྲར་གཏུབ་ཅིང་།   ད་ལྟ་ཆོས་ཞུ་དབང་ཞུ་བྱེད་མཁན་གྱི་སློབ་མ་མང་ཆེ་བར། ཆ་རྐྱེན་བཅུ་ཚང་དགོས་རྒྱུ་ཡོད་ན་དེའི་ནང་ནས་གཅིག་ཙམ་ཚང་བར་གཏན་ནས་སྨྲར་མི་གཏུབ་པར་མ་ཟད།   གཅིག་པོ་དེ་ཡང་ཀླད་ཀོར་དུ་གྱུར་བའི་མི་མང་ཆེ་བས་ཕར་བླ་མ་རྣམས་ལ་ཁ་གཏོང་གི་ཡོད་པ་མངོན་སུམ་གྱིས་གྲུབ་པ་འདི་བཞིན་ལགས་པས། ཀུན་གྱིས་བརྟག་དཔྱད་ཅིག་མཛད་ན་མ་གཏོགས་ཧ་ཅང་ཐལ་ཆེ་བ་ཤ་སྟག་ཏུ་འདུག   དགོངས་པ་བཞེས་རོགས།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༣ལ།

 

རྒྱ་ཡིག   最近大家都在吹喇叭
དབྱིན་ཇིའི་ཡིག    Everyone Is Blowing the Trumpet Recently
བརྒྱུད་བསྐུར།   Facebook