རང་ཉིད་རྗེས་ལུས་ཐེབས་ཡོད་པ་མཁྱེན་རྒྱུ་གལ་ཆེ།

Choktrul20201025

འཿ ཨཿ ཧཿ ཤཿ སཿ མཿ

༼ རང་ཉིད་རྗེས་ལུས་ཐེབས་ཡོད་པ་མཁྱེན་རྒྱུ་གལ་ཆེ། ༽

༄།   །ད་ལྟ་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ཚོས།   དཔེ་མ་སྲིད་པའི་ཁ་བདེ་མོ་བཤད་ཀྱིན་ཡོད་རེད།   ཚད་མ་གསུམ་གྱིས་གཏན་ལ་ཕབས་པའི་གང་ཟག་ཚད་མ།   ཆོས་ཚད་མ།   སྟོན་པ་ཚད་མ་སོགས་ཚད་མིན་ཞིག་རྩ་བ་ནས་མེད་ཟེར་ནས་ཤོད་བཞིན་བསྡད་ཡོད་རེད།   ཉམས་སུ་ལེན་པའམ་ལག་ལེན་བསྟར་བའི་སྐབས་སུ།   ཡོངས་གྲགས་ཡེ་ཤུའི་ཆོས་ལུགས་དང་།   ཁ་ཆེའི་ཆོས་ལུགས། བྲམ་ཟེའི་ཆོས་ལུགས་ཚོའི་དད་པ་ཡིད་ཆེས་སྙིང་རུས་བརྩོན་འགྲུས་སེམས་ཤུགས་དེ་ཚོ་དང་།   ང་ཚོའི་ཆོས་སྒྲུབ་ལུགས་གཉིས་ཕན་ཚུན་བསྡུར་བ་ཡིན་ན་ང་ཚོ་ཚད་དམའ་བའམ་རྗེས་ལུས་ཐེབས་ནས་ཡོད་རེད།   དེ་ཕྱིར་རང་གི་རང་ལ་ཡག་པོ་ཞིག་དང་བཟང་པོ་རེད་བསམ་ནས་བསྡད་བསྡད་པ་ཡིན་ན།   ངོ་ཚ་དགོས་པ་ཆགས་ཀྱིན་འདུག འདིའི་ཐོག་ལ་ཐུགས་བསམ་བཞེས་རྒྱུ་གལ་ཆེ།   གལ་ཆེ།   གལ་ཆེ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༢༤ལ་ཕུལ།

རྒྱ་ཡིག   要知道自己已經很落後了
དབྱིན་ཇིའི་ཡིག   Know That You Are Already Behind
Facebook link