མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་བདེན་སྨོན་འཆི་མེད་རྡོ་རྗེའི་དབྱངས་སྙན་བཞུགས།

Choktrul20201123

མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་བདེན་སྨོན་འཆི་མེད་རྡོ་རྗེའི་དབྱངས་སྙན་བཞུགས།

ཨོཾ་སྭ་སྟི།
འཕགས་པའི་ཡུལ་དུ་རྒྱལ་སྲས་དགྲ་ཅན་འཛིན།།
རྗེ་འབངས་ལ་གསུམ་རྒྱལ་བ་བྱང་ཆུབ་ཞབས།།
གསང་ཆེན་ཤིང་རྟ་ཀུན་བཟང་ཤེས་རབ་ཀྱི།།
མཆོག་གི་སྤྲུལ་སྐུའི་ཞབས་པད་བརྟན་གྱུར་ཅིག།

ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི།།
བཀའ་གཏེར་ཆོས་ཀྱི་རིང་ལུགས་སྤེལ་བའི་ཕྱིར།།
ཐུགས་བསྐྱེད་ཟླ་བ་གསར་བའི་ལང་ཚོ་ཅན།།
དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག།

འཇི༷གས་མེ༷ད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཏེར།།
བློ༷་གྲོ༷ས་སྤོབས་པ་རྨད་བྱུང་མའི་སེ༷ང་གེ༷།
པདྨ༷འི་རིང་ལུགས་རྒྱ༷ལ་མཚ༷ན་འཛིན་བཞིན་དུ།།
འཕྲིན་ལས་མཁའ་ལྟར་ཁྱབ་པར་རྟག་བཞུགས་གསོལ།།

ཅེས་མདོ་ཁམས་དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེའི་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་འདིའང་སྔ་འགྱུར་བའི་བསྟན་པའི་གྲིབ་བསིལ་དུ་ངལ་འཚོ་ཐོབ་པའི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་ཏེ་རྟེན་འབྲེལ་ཉེས་སེལ་ཀྱི་ཚོགས་མཆོད་བརྒྱ་རྩ་དང་།   གཅིག་ཏུ་སྨོན་པ་དགེ་ལེགས་རྣམ་པར་རྒྱལ་གྱུར་ཅིག།   །།   དིལ་མགོ་མཁྱེན་བརྩེས་གསུངས།

秋竹仁波切住世真願 無壞金剛妙音 頂果法王寫秋竹仁波切住世真願 無壞金剛妙音 頂果法王寫

རྒྱ་ཡིག    秋竹仁波切住世真願 · 無壞金剛妙音
དབྱིན་ཇིའི་ཡིག   Long Life Prayer for Palyul Choktrul Rinpoche

མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་བདེན་སྨོན་བཞུགས།

Facebook link