མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་བདེན་སྨོན་བཞུགས།
ཨོཾ་སྭ་སྟི།
བདུད་སྡེའི་འཇི༷གས་ཚོགས་ཐོགས་མེ༷ད་ནུས་མཐུས་བཅོམ།།
བློ༷་གྲོ༷ས་མི་ཟད་གཏེར་ལ་རང་དབང་སྒྱུར།།
ཟབ་དོན་སེ༷ང་གེ༷ངའི་ང་རོ་སྒྲོགས་བཞིན་དུ།།
གསང་བསྟན་སྙིང་པོའི་དཔལ་དུ་ཡུན་འཚོ་ཤོག།
མཚུངས་མེད་པདྨ༷འི་རིང་ལུགས་ཡིད་བཞིན་ནོར།།
བཤད་སྒྲུབས་རྒྱ༷ལ་མཚ༷ན་རྩེ་མོ་ཡོངས་བཀོད་ནས།།
འགྲོ་ལ་ཕན་བདེ་སྟེར་བའི་མཐུ་སྒྲུབ་སྟེ།།
བསྐལ་བརྒྱར་ཞབས་བརྟན་བཀྲ་ཤིས་དཔལ་འབར་ཤོག།
ཅེས་དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཀྱི་ཞབས་བརྟན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེའོ།།
རྒྱ་ཡིག 秋竹上師住世祈請文
མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་བདེན་སྨོན་འཆི་མེད་རྡོ་རྗེའི་དབྱངས་སྙན་བཞུགས།