འཇམ་པའི་དབྱངས་ཀྱི་ཤེས་རབ་བཙོང་རྒྱུ་མེད་ལ་གཡར་རྒྱུ་མེད།

文殊菩薩

༼ འཇམ་པའི་དབྱངས་ཀྱི་ཤེས་རབ་བཙོང་རྒྱུ་མེད་ལ་གཡར་རྒྱུ་མེད། ༽

༄།།   འཇམ་དཔལ་དབྱངས་ཀྱི་ཤེས་རབ་ང་ཚོར་གནང་རྒྱུ་ཡོད་པ་མ་རེད།   གཡར་རྒྱུ་ཡོད་པ་མ་རེད།   དེས་མ་ཚད་ཉོ་རྒྱུ་ཡང་ཡོད་པ་མ་རེད།   འོ་ན་ཇི་ལྟར་བྱེད་དགོས་ཟེར་ན།   ང་ཚོ་ཚང་མ་བླུན་པོའི་རྗེས་སུ་འབྲང་བ་ཤ་སྟག་རེད་ཡོད།   ད་ནི་དེ་ལས་ལྡོག་སྟེ་མཁས་པའི་རྗེས་སུ་འབྲང་ནས།   རང་གི་རྣམ་པར་དཔྱོད་པས་ཆོས་རྣམས་ལ་ཤན་འབྱེད་ལེགས་པོ་བྱེད་ཤེས་པ་ཡིན་ན།   རང་གི་རྒྱུད་ལ་ཡོད་པའི་ཤེས་རབ་དེ།   དོན་བྱེད་ནུས་པ་ཆགས་ནས་བདེ་སྤྱོད་ཡོད་པར་འགྱུར་ངེས་རེད།   དེ་ཐུགས་ལ་འཛིན་རོགས་ཞུ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༥ལ་ཕུལ།

རྒྱ་ཡིག   文殊菩薩沒有辦法把智慧賞賜給你
དབྱིན་ཇིའི་ཡིག   Manjushri can neither bestow wisdom upon you, nor lend it to you.
Facebook link