ཅི་ཙམ་གསང་ཐུབ་ན་དེ་ཙམ་ལེགས་འདུག

能低調再低調 那就太棒了

༼ ཅི་ཙམ་གསང་ཐུབ་ན་དེ་ཙམ་ལེགས་འདུག ༽

༨ ༽
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།
རྟོག་པའི་དྲི་མས་མ་སྦགས་ཤིང༌།།
ཆོས་ཀུན་སྒྱུ་མར་ཤེས་པའི་བློས།།
ཞེན་མེད་འཆིང་བ་ལས་གྲོལ་ཤོག།

༄།   །ང་ཚོས་སྒྲུབ་པའམ་གཞན་དོན་བྱེད་པའི་སྐབས་སུ།   སྙིང་ཐག་པ་ནས་རྙེད་བཀུར་སྙན་གྲགས་ལ་རེ་བ་མེད་ན།   ཆོས་སྒྲུབ་པ་ལ་ནོར་ས་དང་གོལ་ས།   ཤོར་ས་དང་འཁྲུལ་ས་གཅིག་ཀྱང་ཡོད་མི་སྲིད།   དེ་འདྲ་བའི་གང་ཟག་དེ་ལས་དང་པོ་པ་ཞིག་ཡིན་ཡང་།   སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐ་སྙད་འདོགས་ཆོག   ཀུན་ནས་ཀུན་ཏུ་བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པ་ཡིན་ངེས་རེད།   ཀུན་གྱིས་ཐུགས་ལ་འཛིན་པར་ཞུ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༡ལ།

རྒྱ་ཡིག   能低調再低調 那就太棒了
དབྱིན་ཇིའི་ཡིག   It Would Be Fantastic If One Strives to Keep the Lowest Profile Possible
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།

བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།