༼ སེམས་དང་བསམ་ཚུལ་གྱི་ཤན་འབྱེད། ༽
༄། །སྤྱིར་སེམས་ཟེར་བ་འདི་ངོས་བཟུང་མེད་པ་ཞིག་ཡིན་པ་ནི། སྔར་གྱི་གྲུབ་མཐའ་སྨྲ་བ་ཀུན་དང་། དེང་རབས་གསར་བྱུང་གྲུབ་མཐའ་སྨྲ་བ་དང་། ཚན་རིག་པ་ཀུན་གཅིག་ཏུ་མཐུན། འོན་ཀྱང་བསམ་ཚུལ་ཟེར་བ་འདི་ལ་དེ་དང་མི་འདྲ་བར་ལེགས་པའི་ཆ་ལེན་རྒྱུ་ཡོད་པ་དང་། ཉེས་པའི་ཆ་སྤང་རྒྱུ་ཡོད་པ་ཞིག་རེད་འདུག དེའི་ཕྱིར་སེམས་སྟོང་པ་རེད་འདུག་བསམ་པ་ཙམ་ཞིག་གིས་རང་རྒྱུད་ལ་ཕན་ཐོགས་གང་ཡང་མི་འདུག དེས་ན་རང་གི་བསམ་པ་ལ་བསྒྱུར་བཅོས་གཏོང་ཐུབ་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་ས་དེ་ཐག་རིང་པོ་རེད་མི་འདུག
ཅེས་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ༩ཚེས་༢༧ལ་ཕུལ།
རྒྱ་ཡིག 老實念佛是最穩當的修行
དབྱིན་ཇིའི་ཡིག Chanting Single-mindedly is the Most Reliable Practice
Facebook link