ལ་མོ་བརྒལ་བའི་ཟིན་བྲིས།

Choktrul20200905

ལ་མོ་བརྒལ་བའི་ཟིན་བྲིས།

ལ་མོ་ཆུང་ཆུང་ཞིག་ལ་བརྒལ་ན།   དེ་དང་མཚུངས་པའི་གཏམ་རྒྱུད་ཡང་ཤིན་ཏུ་མང་།   ལ་ཆེན་གཅིག་ལ་བརྒལ་ན།   སྔར་མ་ཤེས་པའི་གོ་རྟོགས་གསར་བ་མང་དུ་ལོན་ངེས།   ད་རུང་ལ་ཆེན་གཉིས་པ་ཞིག་ལ་བརྒལ་ན།   སེམས་ཁོང་སྟོང་བར་འགྱུར་བའི་སྣང་ཚུལ་མང་།   དེ་ནས་ལ་ཆེན་གསུམ་པ་ཞིག་ལ་བརྒལ་ན།   རང་ཉིད་རླབས་ཆེན་ཞིག་མིན་པ་ཧ་གོ་ནས་རང་མཐོང་གི་ང་རྒྱལ་རང་སར་ཞི་འགྲོ།

དེ་རྗེས་ལ་མོ་བཞི་པ་དང་ལྔ་པ་སོགས་ལ་བརྒལ་རྗེས།   འ་འུར་གྱི་སྐད་ཆ་དང་གླེང་མོ་དག་བཞག་ནས།   རིམ་བཞིན་ཅི་ཡང་མི་སྨྲ་བའི་ངང་ཚུལ་ལ་གནས་པར་འགྱུར།

དཔལ་ཡུལ་མཆོག་སྤྲུལ་གྱི་མིང་འཛིན་པས་སྨྲས་པ་བཞིན།   ཉེ་གནས་སློབ་མས་ཡིག་འཇོག་གནང་བ་དགེ།

ཡིད་བཞིན་འཁོར་ལོས་དོན་བསྒྱུར་བྱས་པ་འོ།།
སྤྱི་ལོ་༢༠༢༠ཟླ་༠༩ཚེས་༠༥ལ་བྲིས།

རྒྱ་ཡིག   爬山小記
དབྱིན་ཇིའི་ཡིག   On Mountain Climbing

Facebook link