༈ བསམ་ཚུལ་བཤད་ཆོག་གི་རེད། ཡིན་ནའང་གཞན་ལ་ཇུས་གཏོགས་བཟོ་མི་ཉེན། དེ་གཉིས་ཀྱི་ཁྱད་པར་ནི། ཐུན་མོང་གི་བྱ་བ་སྒྲུབ་ཀྱི་ཡོད་ན་ཕན་ཚུན་སྐྱོན་འདོགས་རྒྱུ་དང་ཁྱོད་རང་གི་བསམ་ཚུལ་འགྲིག་འདུག་མི་འདུག་ཅི་ཡང་བཤད་ན་འགྲིག་གི་རེད། གཉིས་པ། རང་ལ་འགན་གང་ཡང་མེད་བཞིན་དུ་ཡ་གི་འགྲིག་གི་མི་འདུག མ་གི་འགྲིག་གི་མི་འདུག་ཟེར་ནས་ཁྱི་འཁྱམས་ཟུག་པ་ལྟ་བུ་བྱས་ན་མི་ལ་སུན་པོ་ཡོང་ཡ་དང་རང་ཉིད་མིའི་བརྩི་མཐོང་ཆུང་བ་དང་མི་གྲལ་ནས་བུད་འགྲོ་བ་ལས་སྙིང་པོ་གང་ཡང་མེད།
མཆོག་སྨྱོན་ནས་སྤྱི་ལོ་ ༢༠༢༣ ཟླ་ ༣ཚེས་ ༢༦ ལ།
རྒྱ་ཡིག 可以提出意見,但是不能管閒事
དབྱིན་ཇིའི་ཡིག Not Poke Your Nose into Other People’s Business