༄། །ཆོས་འདི་མ་ཤེས་པ་རེད་མི་འདུག ཆོས་འདི་མ་བསྒྲུབས་པ་རེད་འདུག མདོར་ན་འཁོར་བ་ལ་ངེས་འབྱུང་། དཀོན་མཆོག་ལ་དད་པ། ལས་རྒྱུ་འབྲས་ལ་ཡིད་ཆེས། སེམས་ཅན་ལ་སྙིང་རྗེ། ཞེན་པ་བྲལ་བའི་སྟོང་ཉིད་ཀྱི་ལྟ་བ། འཚེ་བ་མེད་པའི་སྤྱོད་པ་སོགས། དམ་པའི་ཆོས་གང་ཞིག་ཡིན་རུང་དེས་རང་གི་སེམས་ལ་ངེས་པར་ཚོར་བ་ཆེན་པོ་ཞིག་སྟེར་ཐུབ་ཀྱིན་འདུག་ན། ཐར་བའི་ལམ་སྣེ་མཐོང་བའི་རྟགས་ཡིན་པ་འདྲ། དེ་ལྟར་མེད་ན་ཆོས་ཐོས་ལོ་སྒྲུབ་ལོ་ཐམས་ཅད་གཟུགས་བརྙན་ཙམ་ལས་རང་རྒྱུད་ལ་ཕན་ཐོགས་མེད་པ་འདྲ། དེ་འདྲའི་ཆོས་ཀྱིས་འཆི་ཁར་ཕན་མི་ཐོགས་ཐག་ཆོད་པ་རེད། ད་དུང་འཇིག་རྟེན་ཆོས་བརྒྱད་ཀྱི་ཁ་སྣོན་དུ་གྱུར་སོང་ན་དེ་ལས་སྡུག ང་རང་ཉིད་ལ་ཆ་བཞག་ན་སྙིང་འདི་གནམ་ལྕགས་ཀྱི་གོང་བུ་བཞིན་འགྱུར་བ་ཅི་ཡང་འགྲོ་ཡི་མི་འདུག དེ་འདྲ་ཆགས་སོང་ན་འཁོར་བ་མཐའ་མེད་པའི་སྡུག་བསྔལ་མྱོང་ངེས་རེད་འདུག་པས། ཀུན་གྱིས་ཐུགས་བསམ་རེ་བཞེས་རྒྱུ་གལ་ཆེ།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ ཟླ་༨ཚེས་༢༧ ལ་ཕུལ།
རྒྱ་ཡིག 我們佛弟子的問題
དབྱིན་ཇིའི་ཡིག The Problem of us Buddhist Disciples
Facebook link