རང་གི་རང་ལ་གྲོས་སུ་འདེབས་པ།

Choktrul19991101

ཨོཾ་བཛྲ་སཏྭ་ཧཱུྃ།

༼ རང་གི་རང་ལ་གྲོས་སུ་འདེབས་པ། ༽

༄།   །ང་འདྲ་བའི་ལས་ངན་པ་དངོས་སུ་མཇལ་མ་མྱོང་བའི་བླ་མ་རྣམས།   སངས་རྒྱས་དངོས་ཡིན་སྣང་ཤར།   དེ་ལ་སྐྱབས་སུ་མཆི་ཟེར་ཁ་བྱེད།   རང་ལ་དངོས་སུ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྣམས་ལ།   སངས་རྒྱས་དངོས་མཐོང་གི་དད་པ་ཕར་ཞོག   མི་གཞི་ཡག་པོ་ཙམ་ཞིག་ཡོད་པར་ཡང་ངོས་ལེན་བྱེད་མི་ཐུབ་བཞིན་དུ།   བླ་རྒན་དེ་ལ་དབང་ལུང་ཁྲིད་རྒྱུན་ཡག་པོ་ཞིག་ཡོད།   དེ་མ་ཟད་སྙན་བརྒྱུད་ཟབ་མོ་ཞིག་ཡོད་རེད།   དེ་ཐོབ་ཐབས་བྱེད་དགོས་ཟེར་ནས་བླ་མ་ལ་དད་ལོག་བྱེད་ཞོར་དེའི་གདམས་པ་ཐོབ་རྗེས།   ང་ལ་གདམས་པ་ཟབ་མོ་ཐོབ་ཡོད་ཅེས་མི་ལ་ངོམས་རྒྱུར་བྱེད།   བླ་མ་དེ་དང་རང་ཉིད་ལྟ་སྤྱོད་ཅུང་ཟད་རེ་མ་མཐུན་ཚེ་བླ་རྒན་དེ་བཤད་རྒྱུ་ཆེ་ཟེར།   ཡང་བླ་རྒན་དེ་ཉམས་ལེན་བཟང་ན་ཐང་མོད་མི་ཐབས་མི་ཤེས་ཟེར།   ཡང་བླ་རྒན་དེ་ལ་ཡོན་ཏན་ཅི་ཡང་མེད་ཟེར།   ཡང་མཇལ་སྤྲོ་བོ་ཞིག་མེད་ཟེར།   མདོར་ན་གསོལ་འདེབས་རེ་བཏོན་ན་ཁ་ཁྱེར་ཙམ་དུ་གྱུར།   བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་རྣམས་བློར་མ་ཤོང་པའི་སྐབས།   ཨ་འདི་སངས་རྒྱས་ཀྱི་གསུང་དང་མི་མཐུན་ཟེར།   རྒྱུད་སྡེ་དང་འགལ་འདུག་སོགས་ཟེར་ནས་ཇ་རེ་འཐུང་།   ཕོ་བ་ལ་བྱུག་བྱུག་རེ་བྱས་ནས་བསྡད་ཡོད་རེད།   དེ་བཞིན་བླ་མ་གསང་ཡུམ་ཅན་ཞིག་ཡིན་ན།   ཡུམ་དེ་ཅིག་རེད།   མུག་རེད་ཟེར།   བླ་མ་དེ་དགེ་སློང་ཞིག་ཡིན་ན།   ཕྱག་མཛོད་དེ་ལ་སྐུར་འདེབས་འདྲ་མིན་འདེབས་ཀྱིན་ཡོད་རེད།   དེ་ཚོར་ངོ་མ་བསམ་ན།   སྐུ་གསུང་ཐུགས་དང་འགལ་བའི་དམ་ཚིག་ཉམས་པ་ཅན་ཞིག་ཡིན་པ་རང་གིས་མ་ཤེས་མ་ཚོར་བར་བསྡད་ཡོད་རེད།   དེ་འདྲའི་ཐབས་སྡུག་པ་ལ།   དཀོན་མཆོག་མཁྱེན།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༢༤ལ་ཕུལ།

རྒྱ་ཡིག   自我的警惕
དབྱིན་ཇིའི་ཡིག  Self-vigilance
Facebook link