མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག

Palyul Monastery

རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་།།
མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས།།
ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

༄།   །ཅེས་བསྔགས་བརྗོད་ཀྱི་ཚིག་ཕྲེང་སྔོན་དུ་བཏང་ནས།   ད་ལམ་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སྲོལ་འབྱེད་པའི་རྒྱལ་དབང་དཔལ་ཡུལ་བའི་བསྟན་པའི་གཞི་རྩ་མ་དགོན་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་གཉིས་བཞུགས་པའི་ཡ་གྱལ་ཐོས་བསམ་ལུང་གི་འབྱུང་གནས་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་དང་།   སྔ་འགྱུར་མཐོ་སློབ་ཆེན་མོའི་སྐབས་གསུམ་པའི་མཁན་པོ་མངའ་གསོལ་དང་།     དཔལ་ཡུལ་བཙུན་དགོན་ཐོས་བསམ་དགའ་ཚལ་གླིང་གི་སྐབས་དང་པོ་མཁན་མོ་མངའ་གསོལ་དང་།   དེ་བཞིན་དུ་འཛིན་གྲྭ་བཞི་པའི་ཕྱག་ཁྱེར་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང་།   འཛིན་གྲྭ་དྲུག་པ་ཕར་ཕྱི་རབས་འབྱམས་པ།   སློབ་དཔོན་གྱི་ཕྱག་ཁྱེར་བཅས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་བ་ལ་སྙིང་ནས་རྗེས་སུ་ཡི་རང་དང་འབྲེལ་རྣམ་ཀུན་དགེ་བར་གྱུར་ཅིག་ཅེས་སྨོན་འདུན་གྲངས་མེད་དང་།   ༧སྐྱབས་རྗེ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་དང་།   ༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དང་།   རིགས་བདག་གྲུབ་དབང་བླ་མའི་ཡང་སྲིད་རིན་པོ་ཆེ་གཙོས་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་གྲངས་མེད་བརྟན་པ་དང་།   རྒྱལ་བསྟན་དར་རྒྱས་ཡོང་བའི་སྨོན་འདུན་གྲངས་མེད་བཅས།

དཔལ་ཡུལ་མཆོག་སྤྲུལ་མཚན་གྱི་ཅོད་པན་འཆང་བ་འཇིགས་མེད་བློ་གྲོས་སེངྒེ་པདྨ་རྒྱལ་མཚན་ནས་ལྷ་ཕྱག་གྲངས་མེད་བཅས་ཕུལ།

རྒྱ་ཡིག   恭賀白玉寺高等佛學院創立25週年紀念
དབྱིན་ཇིའི་ཡིག   Congratulations to the Silver Jubilee of Ngagyur Nyingma Institute of Palyul Monastery