ང་ཚོ་ལ་ཡོད་ཤག་ཤག རེ་སྒུག་སྟོང་པ་མིན་ཤག་ཤག སྔོན་ན་སྒུག་ཡོད་ཤག་ཤག་དེ་ནི། འཆི་བ་འཆི་བ་ཞེས་བྱ་བ་འདི་རེད། དེ་ནི་བདུད་དང་བར་ཆད་གང་གིས་ཀྱང་གླགས་བཙལ་ཀྱང་གླགས་མི་རྙེད་པར་ང་ཚོའི་མདུན་དུ་སླེབས་ངེས་ཅན་གྱི་དོན་དག་ཅིག་རེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔུང་བསྒྲིགས་ཀྱང་ཟློག་ཐབས་མེད་པའི་དོན་དག་ཅིག་ཀྱང་རེད། དེའི་ཕྱིར་ད་ལྟ་ནས་ནམ་འཆི་བའི་དུས་ལ་བབས་པ་ན་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་མྱོང་མི་དགོས་པ་དང་། ཤི་ནས་ངན་སོང་གི་གནས་སུ་མི་ལྟུང་བའི་ཐབས་སུ་འབད་པ་རེ་བྱེད་རྒྱུ་གལ་ཆེ།
དགེ་བ་ཆེ་ཕྲ་ལ་མ་ལྟོས་པར་གང་མང་མང་རེ་ཨེ་འགྲུབ་ལྟོས། ཁ་ནས་གཟུངས་སྔགས་ཁྱད་པར་ཅན་རྣམས་ཀྱང་ཅི་མང་མང་རེ་ཐོན། ལས་རྒྱུ་འབྲས་ཡག་པོ་སྲུངས། སེམས་ཅན་ཀུན་ལ་སྙིང་བརྩེ་བས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་སེམས་འདྲ་བསྐྱེད་ཐུབ་ན་རབ་རེད། དེ་ལྟར་མ་བྱུང་ན་ཡང་ཀུན་ལ་སེམས་པ་བཟང་པོ་རེ་གྱིས་ལ་སྨོན་ལམ་ཡག་པོ་རེ་ཐོབས། ཤི་བའི་རྗེས་སུ་བདེ་བ་ཅན་ལ་སྐྱེ་ཐུབ་ཀི་ཡོད་མེད་ངས་མི་ཤེས་ཏེ། ཡིན་ན་ཡང་སྐྱིད་ས་ཞིག་དང་དགའ་ས་ཞིག་ལ་སྐྱེ་ངེས་པ་ནི་ངས་འགན་ཁུར་ཆོག
ཚིག་འདི་ཚོ་དོན་མེད་དུ་མི་འཇོག་པར་ཚང་མའི་ཐུགས་ལ་འཛིན་པར་ཞུ་ཞུ་ཞུ།
མཆོག་མིང་འཛིན་པས་སྤྱི་ལོ 2026/ཟླ་བ/1/ཚེས12ལ་འཕྲལ་བྲིས།
རྒྱ་ཡིག 我們確確實實有的是死亡
དབྱིན་ཇིའི་ཡིག The only thing that we can truly have