བུ་རྒོད།
༈ མི་རིགས་ལ་ཕྱོགས་ཞེན་མེད་པ། ཆོས་ལུགས་ལ་ཕྱོགས་རིས་མེད་པ། རྙིང་བསྟན་ལ་ཐུག་ན་རང་ལུགས་མ་ནོར་བར་འཛིན་པ། དུས་ནམ་ཡང་ཕོ་ཚུགས་མི་འཆོར་བ་འདི་ངའི་ཕ་རྒན་གྲུབ་དབང་བླ་མའི་རྣམ་ཐར་ཡང་ཡིན་ལ་ཆེ་བ་ཡང་ཡིན།
སེམས་ལ་གཡོ་སྒྱུ་མེད་པ། བྱ་བ་གང་ཞིག་སྒྲུབ་ཡང་ངོས་ལྐོག་མེད་པ། སྔ་འགྱུར་བའི་བསྟན་དོན་ལ་ཐུག་ན་ཕར་འགྲོ་རྣམས་ཀྱི་སྔོན་མ། ཚུར་འོང་རྣམས་ཀྱི་རྗེས་མ་བྱེད་པ་འདི་བུ་མཆོག་སྤྲུལ་གྱི་ལོ་རྒྱུས་ཀྱང་ཡིན་ལ་དམ་བཅའ་ཡང་ཡིན།
ངེད་ཕ་བུ་གཉིས་བླ་མ་ཨེ་བཟང་མི་ཤེས་ཏེ། བུ་རྒོད་ཡིན་པའི་ཡིད་ཆེས་རང་ལ་ཡོད།
ཅེས་དཔལ་ཡུལ་མཆོག་སྤྲུལ་ནས། སྤྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༡ ལ།