བླ་མ་དང་སློབ་མ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཟེར་བ་ནི།

PalyulChoktrul20210618

 

བླ་མ་དང་སློབ་མ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཟེར་བ་ནི།   བླ་མའི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་འདྲ་བར་གྱུར་པ་ལ་གོ་དགོས།དཔེར་ན་བརྐོས་ཕོར་ནང་དུ་རི་མོ་ཅི་འདྲ་ཞིག་ཡོད་ན།   སཱཙྪའི་སྟེང་ནའང་དེ་ཉིད་ཅི་མ་ཅི་བཞིན་དུ་ཡོད་པ་ལྟ་བུ་ཞིག་ལ་གོ་དགོས།

བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ཟེར་བ་ནི།   བླ་མ་དང་རང་གཉིས་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་གདུང་ཞིག་ལ་གོ་དགོས།

བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཟེར་བ་ནི།   བླ་མས་བཟང་ངན་ཅི་ཞིག་གསུངས་ཡང་སྒྲུབ་ཐུབ་པ་ཞིག་དང་།   བླ་མ་དང་མཉམ་དུ་སྐྱིད་ན་ཕོར་བུ་མཉམ་བཟེད།   སྡུག་ན་མདུང་ཡུ་མཉམ་འཛིན་བྱེད་པ་ལ་ཟེར་བ་ཡིན་ནོ།།

སྤྱི་ལོ། 2020 སྤྱི་ཟླ 4 ཚེས 28 ལ་མཆོག་སྤྲུལ་སྨྱོན་པས་སོ།།

 

རྒྱ་ཡིག   什麼叫師徒相應