༼ ཁྱེད་རང་ཚོས་སེམས་ཁྲལ་རྣམ་རྟོག་གཏན་ནས་བཟོ་མི་དགོས། ངན་པ་དགུ་འཛོམས་ཚང་མ་ངས་ཁྱེར་འགྲོ་ཆོག ༽
༄། །དེ་རིང་ཚང་མས་ངན་པ་དགུ་འཛོམས་རེད་ཟེར་ནས་འུར་གི་འདུག་མོད། ཕྱོགས་གང་ན་སུ་བཞུགས་ཀྱི་སྐྱེ་བོ་ངན་པ་དགུ་འཛོམས་ལ་རྣམ་རྟོག་ཟ་མཁན་ཚང་མས་ཐུགས་བདེ་མོར་བཞུགས་དང་། དཀོན་མཆོག་གསུམ་གྱི་བདེན་པས་ངན་པ་བརྒྱ་སྟོང་ཁྲི་འབུམ་ཐམས་ཅད་མཆོག་སྤྲུལ་སྨྱོན་པའི་བདག་འཛིན་གོང་བུའི་སྟེང་དུ་ཟློག་པར་གྱུར་ཅིག ནད་ཡམས་དགྲ་བགེགས་གདོན་གྱི་རིགས་ཐམས་ཅད་དང་། དམག་སྣ་མི་ཁ་གཏམ་ངན་ཐམས་ཅད་མཆོག་སྤྲུལ་སྨྱོན་པའི་ངར་འཛིན་གྱི་སྟེང་དུ་ཟློག་པར་གྱུར་ཅིག མཆོག་སྤྲུལ་སྨྱོན་པའི་ངན་སེམས་གནོད་སེམས་ཀྱི་སྟེང་དུ་མཱ་ར་ཡ་རྦད་རྦད། དྲིལ་དྲིལ། ཐུཾ་ཐུཾ། ཤིག་ཤིག བྷྱོ་བྷྱོ། ཟློགས་ཟློགས། བྷྱོ་ཟློག་ཅིག
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༢ཚེས་༢༠ལ།
རྒྱ་ཡིག 今明兩天藏曆記載是凶日
བརྒྱུད་བསྐུར། Facebook
གཏོང་ལེན།