གུ་རུ་རིན་པོ་ཆེ་ཟེར་ནས་ལྷ་རང་མཚན་པ་ཞིག་ཕར་གཅད།

Choktrul20221008

༄།   དེང་སང་སུ་དང་སུ་ཡིན་རུང་གུ་རུ་རིན་པོ་ཆེ་ཟེར་ནས་ལྷ་རང་མཚན་པ་ཞིག་ཕར་གཅད།   ང་ཟེར་ནས་མྱི་རང་མཚན་པ་ཞིག་ཚུར་བཟུང་ནས་གསོལ་འདེབས་མཆོད་བསྟོད་མང་པོ་ཞིག་གནང་གི་འདུག   དེར་མ་ཚད་དྲྭ་བའི་སྟེང་ན་འུར་འུར་ཆེམས་ཆེམས་བཀྲམ་ནས་ཞོར་ལ་ང་བཟང་ཁྱོད་ངན་མང་པོ་ལབ་ཀྱི་འདུག   དེ་ཚོ་མཚོ་སྐྱེས་རྡོ་རྗེའི་ཐུགས་དགོངས་མཐར་ཐུག་པ་ཨེ་ཡིན་ནམ།

སློབ་དཔོན་རིན་པོ་ཆེ་དང་གནས་ལུགས་ཟབ་མོ་གཉིས་སུ་མེད་པར་ཐག་བཅད།   གནས་ལུགས་དེ་དང་རང་གཉིས་ཡེ་ནས་འདུ་འབྲལ་མེད་པའི་ཁོ་ཐག་ནང་ནས་ཆོད་པ་ཞིག་བྱེད།   དེ་ནས་གསོལ་འདེབས་མཆོད་བསྟོད་རྗེས་དྲན་གང་བྱེད་ཀྱང་ལྷ་སྣང་དང་མ་འབྲལ།   ཡིན་ཡང་ལྷར་འཛིན་གྱི་ཞེན་པ་མེད་པར་སོས་དལ་ངང་ནས་མི་ཚེ་སྐྱེལ་ཐུབ་པ་ཞིག་བྱུང་བ་ལེགས་སྙམ།

 པདྨ་སམ་བྷའི་གྲལ་དུ་སྐྱེ་བར་སྨོན་པའི་མཆོག་སྨྱོན་ནས་སྤྱི་ལོ་༢༠༢༢ཟླ་༩ཚེས༥ལ་བྲིས།

རྒྱ་ཡིག   對蓮花生大士的執著
དབྱིན་ཇིའི་ཡིག   Clinging Guru Rinpoche

Facebook link