༼ ཁྱེད་རང་ཤན་པ་ཞིག་ཡིན་ཀྱང་མ་ཎི་འདོན་རྒྱུ་གལ་ཆེ། ༽
༄། །སྐྱེ་བ་འདིར་སྔོན་ལས་བཙན་པོའི་དབང་གིས་ཤན་པ་འམ། སྨད་འཚོང་མ་འམ། ཇག་རྐུན་ནམ། ཤྭ་བག་རྒྱག་མཁན་ནམ། དུད་འཐེན་ཆང་འཐུང་ངམ། ཤ་ཚོང་རྒྱག་མཁན་དུ་གྱུར་པ་རྣམས་ལ། ཁྱེད་ཚོ་ལས་ངན་རེད། མ་རབས་རེད་ཟེར་ནས་ཆོས་བསྒྲུབས་ན་རྒྱུ་མཚན་མེད་ཚུལ་ལུང་བ་གང་བརྗོད་ནས། དམའ་འབེབས། མཐོང་ཆུང་། བརྙས་བཅོས་བྱེད་རྒྱུ་འདི་ནི་ནོར་འཁྲུལ་ཧ་ཅང་ཆེན་པོ་ཞིག་རེད། རབ་ཡིན་ན་ཐབས་ཤེས་འཇམ་པོ་ལ་བརྟེན་ནས་ཁོང་ཚོའི་བྱ་སྤྱོད་དེ་དག་སྤང་ཐབས་ལ་བསམ་བློ་གཏོང་རྒྱུ་དང་། དེ་ལྟར་མ་ནུས་ཀྱང་། དེ་ཚོ་ལ་ཆོས་སྒྲུབ་པའི་བསྐུལ་མ་བྱས་ནས། མ་ཎི་རྡོག་རེ་ཡིན་ན་འདོན་རྒྱུའི་རྒྱབ་སྐྱོར་བྱེད་རོགས། ངས་མཐེ་བོང་བསྒྲེངས་ནས་ཞུ་བ་ཕུལ་བ་ཡིན། སྤྱིར་མ་ཎིའི་ཕན་ཡོན་གྱི་ངོས་ནས་བསམ་ན། དགེ་བ་ཅན་དང་སྡིག་པ་ཅན་གཉིས་ཀ་སུས་བཏོན་ན་ཕན་ཡོན་གཅིག་མཚུངས་སུ་འཐོབ་ཐུབ་པས། ལས་ངན་ཚོའི་ཆོས་སྒོ་རྒྱག་མི་ཉན། ལས་ངན་ཚོའི་ཐར་ལམ་འགོག་མི་ཉན། ལས་ངན་ཚོ་ལ་ཆོས་ཀྱི་སྐལ་བ་རེ་བསྐྲུན་རོགས། སྙིང་ཁུང་གི་རེ་བ་ཡིན།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༥ལ།
རྒྱ་ཡིག 即使是屠夫也要記得念佛
དབྱིན་ཇིའི་ཡིག Even a Butcher Must Remember to Chant Buddha’s Name
Facebook link