Choktrul20201123 ༼ ང་ལུང་གིས་ཟིན་འདུག ༽

༄།   །དེང་སང་དུས་ཀྱི་བཤེས་གཉེན་ཕལ་བ་འགའ།། བཙན་ཕྱུག་གོ་ས་མཐོན་པོའི་མི་ལ་དགའ།། གདམས་ངག་ཞུ་འདོད་མེད་ཀྱང་ངས་སྦྱིན་ཟེར།། ཆོས་ཀྱི་ཕྱག་རྟེན་ཐོགས་ནས་རྗེས་ལ་སྙེགས།།

ཞེས་དང་།

ཆོས་པ་ཡིན་མདོག་ཆོས་བརྫུའི་བསླུ་བྲིད།། ཆོས་གཏམ་གཏོང་བ་དེང་སང་མང་སྟེ།། ཆོས་བཞིན་སྤྱོད་འདོད་སེམས་ཀྱི་རྣམ་རྟོག། ཆོས་མཐུན་ཤར་ན་ངོ་མཚར་ཆེའོ།།

ཞེས་དང་།

ཉིན་མོ་སེར་གོས་གྱོན་ནས་དཀོར་ལ་ཟ།། མཚན་མོ་ཆང་འཐུང་བུད་མེད་སྟེང་དུ་རྩོད།། ངན་སྤྱོད་སྣ་དགུ་བྱེད་གྱིན་ངོ་སོ་མཐོ།། ད་དུང་ཨུ་འུས་བསྟན་པ་དར་ཞེས་གླེང་།། ངོ་ཚ་མི་ཤེས་བ་གླང་མི་ཐོད་ཅན།། འདི་མཐོང་སྐྱོ་བ་མི་འཕེལ་སེམས་ལྡན་སུ།།

ཞེས་གསུངས་པ་ལྟར།

དཔལ་སྤྲུལ་རྡོ་རྗེ་འཆང་གི་ལུང་བསྟན་ནང་དུ་ང་རང་གི་ཕྱི་ནང་གསང་གསུམ་གསལ་བོར་བྲིས་འདུག་པས་སྐྱབས་སུ་མཆི།   གསུང་འདི་མཇལ་མ་ཐག་རང་གིས་རང་ལ་བལྟས་པས་ཇི་མ་ཇི་བཞིན་དུ་འདུག   ང་རང་ལུང་གིས་ཟིན་པ་ཡིན་པར་ཡིད་ཆེས་ཐོབ་སོང་།   ཀུན་གྱིས་གཟིགས་མོ་མཛད་པར་ཞུ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༢ལ།

Choktrul20201123-2

རྒྱ་ཡིག   我找到我的授記文 དབྱིན་ཇིའི་ཡིག   I Have Found the Prophecy of Me བརྒྱུད་བསྐུར།   Facebook མཆོག་སྨྱོན་པའི་ཚུལ།