༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་ཡང་སྤྲུལ་མྱུར་འབྱོན་གསོལ་འདེབས།

追悼多竹千法王

༄༅།   །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག   མཆོག་ཐུན་དངོས་གྲུབ་ཀུན་གྱི་འབྱུང་གནས།   སྙིགས་དུས་འགྲོ་བ་ཡོངས་ཀྱི་མགོན་དཔུང་དམ་པ།   རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་དང་།   ཡང་སྒོས་སུ་རྒྱལ་བ་རྫོགས་ཆེན་པའི་བསྟན་པ་ལ་བླ་ལྷག་ཏུ་བཀའ་དྲིན་ཆེ་བ་དང་།   རང་ཅག་སློབ་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་གང་ཉིད་བོད་རྒྱལ་ལོ་ ༢༡༤༨ བོད་ཟླ་ ༡༡ ཚེས་ ༢༣ ཉིན་འུ་ཅག་སློབ་འབངས་ཡོངས་ཀྱི་བསོད་ནམས་མ་ཐེགས་པའི་དབང་གིས་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་མི་རྟག་སྒྱུ་མའི་སྣང་བ་ཟློག་པའི་ཆེད་དུ་གཟུགས་སྐུའི་བཀོད་པའམ་འགྲོ་དོན་རྫོགས་པའི་ཚུལ་བསྟན་པ་ནི།   རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་ཆེ་བ་དྲུག་ལྡན་རྙིང་མ་བའི་བརྒྱུད་འཛིན་རྣམས་དང་།   ཡང་གོས་རྒྱལ་བ་རྫོགས་ཆེན་པའི་བསྟན་པ་ལ་གྱོང་རྒུད་ཧ་ཅང་ཆེ་ན་ཡང་།    གང་གི་ཤུལ་ལུས་སློབ་འབངས་ཡོངས་ནས་ཕྱིར་མི་ལྡོག་པའི་དད་པ་དང་།   སྙིང་དབུས་སུ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་དགོངས་རྫོགས་ཀྱི་སྐབས་སུ་རང་ཉིད་ཀྱི་སྡིག་པ་བཤགས་པ་དང་ཚོགས་རྫོགས་ཤིང་མགོན་པོ་གང་གི་ས་ལམ་ལ་བར་ཆད་མི་འབྱུང་བའི་ཆེད་དུ་དམིགས་ཏེ།   ཕྱག་མཆོད་འབུལ་བྱ་རྒྱུ་ལས་གཞན་བྱ་ཐབས་བྲལ།

འདི་ག་ཐེ་ཝེན་དཔལ་ཡུལ་དར་ཐང་ཆོས་ཚོགས་ཀྱི་སློབ་འབངས་ཡོངས་དང་དཔལ་ཡུལ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མགོན་པོ་གང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གྲུབ་ནས།   གང་གི་འཁྲུལ་བྲལ་སྤྲུལ་བའི་ཟླ་ཞལ་མྱུར་དུ་འཆར་བའི་ཆེད་དུ་དམིགས་ཏེ་སློབ་འབངས་ཡོངས་ནས་དགོངས་རྫོགས་མཐའ་མ་གྲུབ་བར་དུ་ཡིག་བརྒྱ།   དྲི་མེད་བཤགས་རྒྱུད།   སྨིན་གླིང་རྡོར་སེམས་དང་ཞི་ཁྲོ་བསམ་གཏན་ཆོ་གའི་སྒོ་ནས་བླ་མ་མཆོད་པ་གསུང་རྒྱུ་དང་།   མགོན་པོ་གང་གི་སྐུ་འཁོར་དང་ཞབས་ཕྱི།   དེ་བཞིན་དགེ་འདུན་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཞུ།། །།

ཐེ་ཝེན་དཔལ་ཡུལ་དར་ཐང་ཆོས་ཚོགས་ཡོངས་ནས་སྤྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༢༩ ལ་ཕུལ།

རྒྱ་ཡིག
དབྱིན་ཇིའི་ཡིག
Facebook link