༼ ཁྱེད་ལ་གོ་སྐབས་བཟང་པོ་ཞིག་ཐོབ་སོང་། ༽
༤ ༽
རང་བཞིན་ངན་པའི་སེམས་ཅན་རྣམས།།
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།།
རིན་ཆེན་གཏེར་དང་འཕྲད་པ་བཞིན།།
རྙེད་པར་དཀའ་བས་གཅེས་འཛིན་ཤོག།
༄། །ང་ཚོ་ཐེག་པ་ཆེན་པོ་པ་ཡིན་དུས་གཞན་དོན་བསྒྲུབ་རྒྱུ་ནི། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རེད། དེའི་ཕྱིར་སེམས་ཅན་མཆོག་དམན་སུ་འདྲ་ཞིག་ཡིན་རུང་དེ་ཉིད་སྡུག་བསྔལ་ལ་འཕྲད་པ་མཐོང་པའི་ཚེ་ན། རང་ཉིད་ལ་ནུས་པ་ཡོད་ན་སྡུག་བསྔལ་ལས་སྐྱོབ་པའི་བྱ་བ་ལ་དངོས་སུ་འཇུག་པ་དང་། ནུས་པ་རྒྱ་ཆེར་མེད་ཀྱང་། དེའི་དོན་དུ་སྤོས་རྐང་གཅིག་མཆོད་པ། མར་མེ་རྐོང་བུ་གང་སྒྲོན་པ། མ་ཎི་ཚར་གཅིག་བཏོན་ཀྱང་ཕན་ཐོགས་འབྱུང་ལ། ཐ་ན་རང་ལ་ནུས་པ་ཇི་འདྲའི་ཆུང་རུང་ཕན་སེམས་ཉག་མ་གཅིག་བསྐྱེད་རྒྱུ་ལ་མི་ནུས་རྒྱུ་གང་ཡང་མེད་པས། ཆེ་ཆུང་ལ་མ་ལྟོས་པར་གཞན་ཕན་གྱི་བྱ་བ་ཅི་ནུས་སུ་སྒྲུབས་རོགས། འདི་ཚར་གཅིག་གཟིགས་པ་ཙམ་མ་ཡིན་པར་ཚང་མས་ཐུགས་ལ་མ་བརྗེད་རོགས་ཞུ།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༨ལ།
རྒྱ་ཡིག 機會來了
དབྱིན་ཇིའི་ཡིག Here Comes Your Chance!
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།
བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།
- ཚིག་་སྐབས་༡། སེམས་ཅན་ལ་མ་བསྟེན་པར་སངས་རྒྱས་འཐོབ་མི་ཐུབ།
- ཚིག་་སྐབས་༢། འདྲེ་ཡིས་ཁྱོད་མི་བཟང་པོ་ཡིན་པ་ཤེས་འདུག
- ཚིག་་སྐབས་༣། གནས་ཚུལ་ཡག་པོ་ཞིག་འདུག
- ཚིག་་སྐབས་༥། ཀུན་གྱི་དགའ་རྟགས་ཁྱེད་ལ་ཐོབ་འོང་།
- ཚིག་་སྐབས་༦། བུ་ལོན་ཚང་མ་སྤྲོད་ཐུབ་སོང་།
- ཚིག་་སྐབས་༧། སྦས་ནས་བསྒྲུབས་ན་བྱ་བ་ཆེན་པོ་འགྲུབ་འོང་།
- ཚིག་་སྐབས་༨། ཅི་ཙམ་གསང་ཐུབ་ན་དེ་ཙམ་ལེགས་འདུག