གནས་ཚུལ་ཡག་པོ་ཞིག་འདུག

好消息 魔輸了

༼ གནས་ཚུལ་ཡག་པོ་ཞིག་འདུག ༽

༣ ༽
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།
བདག་གཞན་མ་རུངས་བྱེད་པས་ན།།
བཙན་ཐབས་གདོང་ནས་བཟློག་པར་ཤོག།

༄།   །དུས་རྒྱུན་དུ་རང་ལ་རྟགས་དཔྱད་བྱེད་བཞིན་ངང་དྲན་ཤེས་དང་མི་འབྲལ་བར་བྱེད་ཐུབ་ན།   ཡུལ་བཟང་ངན་བརྟེན་ནང་སེམས་ཀྱིས་ཉོན་མོངས་ཀུན་ཀྱང་དེ་ཡི་རྗེས་སུ་མི་འབྲང་བར་བཟོད་ཐུབ་པའམ་གདོང་ལེན་བྱེད་ཐུབ་མཁན་ཞིག་ཆགས་ཀྱི་རེད།   ཀུན་གྱིས་ཐུགས་ངེས་པར་འཛིན་རྒྱུ།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༧ལ།

རྒྱ་ཡིག   好消息 魔輸了
དབྱིན་ཇིའི་ཡིག   Good News! The Mara has been Defeated
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།

བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།