འཿཨཿཧཿཤཿསཿམཿ
༼ འདི་ནི་ང་ཡི་རྣམ་ཐར་ཐུན་མོང་མ་ཡིན་པ་ཡིན། ༽
༄། །ང་དང་ང་འདྲ་བའི་མ་རུང་བ། རང་སྐྱོན་སྦ་བ་ལ་མཁས་པ། གཞན་སྐྱོན་སྒྲོག་པ་ལ་དགའ་བ། རང་དོན་ཕུག་ཏུ་བཅུག་ནས་གཞན་དོན་ཁ་ལ་ཁྱེར་བ། དུས་ཀུན་ཏུ་གཞན་ལ་ངན་སེམས་འཆང་ཞིང་། ཞར་དང་ཞོར་ལ་ཁ་ནས་མི་སྙན་པ་བཤད་ནས་ཀུན་དང་མི་མཐུན་པར་དབྱེན་འབྱེད་མཁན་ཞིག་ཡིན། ཞིབ་ཏུ་བརྟགས་ན་ཤིན་ཏུ་ནས་ཀྱང་མི་རིགས་པའི་གནོད་བྱེད་མཁན་ཞིག་ཡིན་པས་སྐྱེ་བ་ཚེ་རབས་ཀུན་ཏུ་ང་འདྲ་བའི་ལུས་སུ་མི་སྐྱེ་བའི་སྨོན་ལམ་འདེབས།
གུས་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༠༧ཚེས་༢༤ལ་ཕུལ།
རྒྱ་ཡིག 我的不共傳記
རྒྱ་ཡིག 我的不共传记
དབྱིན་ཇིའི་ཡིག My Distinctive Biography
མཆོག་སྨྱོན་པའི་ཚུལ།