མཁས་པའི་མཚན་ཉིད་ནི།

Choktrul20210104

༼ མཁས་པའི་མཚན་ཉིད་ནི། ༽

༄། །རང་ཉིད་དྲང་པོ་ལ་གནས་ཤིང་སྐད་ཆ་བདེན་པར་སྨྲ་བ་དང་།   སྐྱོན་ཡོད་མཁན་རྣམས་ལ་ཐད་ཀར་སྐྱོན་རྗོད་པའི་སྤོབས་པ་ལྡན་པའི་གང་ཟག་དེ་མཁས་པའི་མཚན་ཉིད།   དེ་མིན་མཁས་པའི་མཚན་རྟགས་ཆེན་པོ་བཞེས་ཡོད་ཀྱང་།   ཕྱུག་པོ་དང་བླུན་པོ་འགའ་ཡི་བྲན་གཡོག་ཏུ་གྱུར་ནས་སྨྲ་བརྗོད་ཐམས་ཅད་དེ་དག་ལ་བསྟུན་ནས་འགྲོ་དགོས་མཁན་རྣམས་ནི་མཁས་པའི་གདན་གྲལ་ལས་བཞེངས་ཚར་བ་རེད།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༡ཟླ་༡ཚེས་༤ལ།

རྒྱ་ཡིག    智慧的標準
དབྱིན་ཇིའི་ཡིག    The Standards of Wisdom
Facebook link

མཁས་བླུན་གཉིས་ཀའི་རིམ་པ།