མཁས་བླུན་གཉིས་ཀ་མི་ཡིན་པས། བརྩི་བཀུར་འདྲ་མཉམ་ཞུ་གི་ཡིན།

Choktrul20210105

༼ མཁས་བླུན་གཉིས་ཀ་མི་ཡིན་པས། བརྩི་བཀུར་འདྲ་མཉམ་ཞུ་གི་ཡིན། ༽

༄། །མཁས་པ་རྣམས་བླུན་པོའི་རྗེས་སུ་མི་འབྲང་བ་དེ་མཁས་པའི་དམ་བཅའ་དང་པོ་རེད།   འོན་ཀྱང་རང་ཉིད་མཁས་པའི་ང་རྒྱལ་ཁོག་ལ་བཅུག་ནས་བླུན་པོ་རྣམས་ལ་ཁྱད་གསོད་དང་དམའ་འབེབས་བྱ་མི་རུང་།   བླུན་པོ་རྣམས་ཀྱིས་མཁས་པའི་གསུང་ལ་ཡིད་ཆེས་བྱེད་པ་དང་།    དེ་དང་ལེན་བྱ་ཐུབ་དགོས།   དེ་གཉིས་ཀ་མི་ཡིན་པའི་ཆ་ནས་འདྲ་མཉམ་ཡིན་པས།   གཅིག་བཟང་གཅིག་ངན་པའི་བསམ་ཚུལ་ཁྱེར་མི་རུང་།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༡ཟླ་༡ཚེས་༥ལ།

རྒྱ་ཡིག    智愚都是人 應平等對待
དབྱིན་ཇིའི་ཡིག     Both the Wise and the Fool Are Human, and Shall Be Treated Equally
Facebook link

མཁས་བླུན་གཉིས་ཀའི་རིམ་པ།