གཏམ་བདེན་པ་བཤད།

說實話

 

༄།   །མི་ཚང་མས་གཏམ་བདེན་པ་བཤད་དགོས་པར་མོས་མཐུན་བྱེད་ཀྱིན་ཡོད།   འོན་ཀྱང་བདེན་གཏམ་ཟེར་བ་དེའི་བརྒྱ་ཆ་དགུ་བཅུ་ཙམ་གཞན་སྐྱོན་གླེང་བའི་གཏམ་དུ་གྱུར་ཡོད་པས།   གང་བཤད་པའི་གཏམ་བདེན་པ་ལས་ཀྱང་།   བཤད་པ་པོའི་མི་གཞི་བཟང་བ་ནི་ནི་ཤིན་ཏུ་གལ་ཆེ་འོ།།

གལ་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པའམ།   ལྷག་པར་ཕྲག་དོག་གི་དབང་གིས་སྨྲས་པའི་གཏམ་ནི་བདེན་པ་ཡིན་ཡང་།   དེས་མི་སེམས་ལ་རྨ་ཁ་བཟོ་བ་དང་།   ཁྱད་པར་ཁོང་ཁྲོ་སློང་བར་བྱེད།

དེ་བཞིན་དུ་སྨྲ་བ་པོ་ལ་དུག་གསུམ་མམ་ཕྲག་དོག་གི་སེམས་མེད་ན།   གཏམ་བདེན་པར་སྨྲས་པ་གང་དེ་གཞན་གྱིས་ལས་སླ་བོར་དང་དུ་ལེན་ཞིང་།   རང་ཉིད་ལ་སྨྲས་པ་དང་འདྲ་བར་གནོང་འགྱོད་སྐྱེ་ལ།   དགའ་བཞིན་དང་ལེན་བྱེད་ཐུབ་པ་ཡིན་ནོ།།

དཔལ་ཡུལ་མཆོག་སྤྲུལ་མིང་ཙམ་པས།  མཚམས་སྲུང་སློབ་བུས་ཡི་གེར་ཕབས་ནས།   སྒྲ་སྒྱུར་རིན་ཆེན་མགོན་པོས་བོད་ཡིག་ཏུ་བསྒྱུར་རོ། །
སྤྱི་ལོ་༢༠༢༠ཟླ་༡༠ཚེས་༢༧ཉིན།

རྒྱ་ཡིག   說實話
དབྱིན་ཇིའི་ཡིག   Telling the Truth
Facebook link