ཉོན་མོངས་པ་ཟེར་བ་འདི་སྐྱེ་བཞིན་པའི་སྐབས་སུ།

Guru Rinpoche

༄།   །ཉོན་མོངས་པ་ཟེར་བ་འདི་སྐྱེ་བཞིན་པའི་སྐབས་སུ་འཕྲལ་དུ་གཉེན་པོས་ལྡོག་ཟེར་བ་ནི་ཧ་ཅང་དཀའ་མོ་རེད།   དེའི་ཕྱིར་དུས་རྒྱུན་དུ་འདས་པའི་བྱ་བ་རྣམས་ལ་བསམ་བློ་རེ་ཐོངས་དང་།   གཉེན་ལ་ཆགས་པའི་དབང་གིས་རེ་བ་ཇི་བཞིན་དུ་མ་འགྲུབ་པར་སེམས་སྐྱོ་བ་དང་ཐང་ཆད་པ་རྣམས་དང་།   སྐབས་འགར་དགྲ་ལ་ཁྲོ་བའི་དབང་གིས་དངོས་སུ་འཁྲུག་འཛིང་བྱས་པ་དང་།   དཔལ་འབྱོར་སྙན་གྲགས་བརླགས་པ་དང་།   མི་སྙན་པའི་ཚིག་བརྗོད་པ་སོགས་ཀྱིས་རང་ལ་དཀའ་ངལ་མང་པོ་འཕྲད་པའི་སྐོར་དང་།   ཕྲག་དོག་གི་དབང་གིས་རང་གི་ལུས་སེམས་ལ་དཀའ་ངལ་བྱུང་བ་དང་།   ང་རྒྱལ་གྱི་དབང་གིས་སུ་ལའང་མི་མཐུན་པར་གྱུར་པ་སོགས་ལ་ཡང་དང་བསྐྱར་དུ་བརྟག་ཞིབ་རེ་བྱས་པ་ཡིན་ན།   རྗེས་སུ་ཉོན་མོངས་པ་གང་ཞིག་སྐྱེས་པའི་སྐབས་སུ་དེའི་དབང་དུ་མི་འགྲོ་བ་ལ་ཕན་ཆེན་པོ་ཐོགས་ཀྱིན་འདུག འདི་ནི་རང་གི་མྱོང་བ་ཡིན།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༣༠ལ་ཕུལ།

རྒྱ་ཡིག   我們內心生起煩惱時
དབྱིན་ཇིའི་ཡིག   When Afflictions Arise in Our Minds
Facebook link