ད་སྐབས་བླ་ཆེན་མང་པོས་བུད་མེད་ལ་བཙོག་པར་བལྟ་ཞིང་། དཀར་ཟས་དང་དམར་ཟས་ཞེས་ཟ་ལུགས་འཐུང་ལུགས་ཙམ་ལ་ཧ་ཅང་གལ་ཆེན་དུ་འཛིན། ད་རུང་འགའ་རེས་ཕྱི་ཚུལ་ནས་ཤིན་ཏུ་བབས་ཆགས་དང་འདོད་ཆུང་ཆོག་ཤེས་ཀྱི་ཚུགས་ཀ་བསྟེན་ནས། གསེར་མདོག་ལམ་ལམ་དུ་འཕྲོ་བའི་གསེར་སྐུ་ཇ་འཐུང་ལྟ་བུའི་རྣམ་པར་བཅོས་ནས་འཁྲབ་སྟོན་བྱེད་ཀྱིན་འདུག འདི་འདྲའི་བླ་ཆེན་ཚོས་དགེ་ལས་ལྟ་བུའི་རྣམ་པ་གང་སར་ཁྱབ་བསྒྲགས་བྱེད་པའི་དམིགས་ཡུལ་དངོས་ནི། ཐབས་ཤེས་སྣ་ཚོགས་པ་སྤྱད་ནས་རང་ཉིད་འུད་སྒྲོག་བྱས་ཏེ་འཇིག་རྟེན་ཆོས་བརྒྱད་བསྒྲུབས་པ་མ་རེད་དམ། འདིའི་རིགས་ལ་ཉེན་བརྡ་ཙམ་ཡང་མི་གཏོང་བ་ནི་ནང་བསྟན་གྱི་མིག་སྔའི་གནད་དོན་ནམ་སྐྱོན་ཆ་ཚབ་ཆེན་ཞིག་ཡིན་པས། ངས་བསམ་ན་འདི་ལ་ངེས་པར་མཐོང་ཆེན་བྱེད་དགོས་འདུག གོང་གི་གནད་དོན་དེ་དག་ལ་དགེ་སྐྱོན་ཅི་མཆིས་ཚང་མས་མཛུབ་སྟོན་ལེགས་པར་གནང་རོགས།
མཆོག་སྤྲུལ་སྨྱོན་པ་ནས། སྤྱི་ལོ་༢༠༢༡ཟླ་༤ཚེས་༢༥ལ།
རྒྱ་ཡིག 大師們的宣傳到處滿天飛
བརྒྱུད་བསྐུར། Facebook