༼ ཆེ་ཆུང་སུ་ཡིན་རུང་ལས་རྒྱུ་འབྲས་སྲུང་རོགས། ༽
༄། །ལས་རྒྱུ་འབྲས་སྲུང་ཟེར་རྒྱུ་འདི། མཐོ་ས་ནས་བླ་སྤྲུལ་མཁན་གསུམ། དམའ་ས་ནས་རྒད་པོ་རྒད་མོ་སུ་ཞིག་ཡིན་ཀྱང་འདི་ཞིབ་ཕྲ་རེ་སྲུང་ཐུབ་ན་ཡག་ས་འདུག རྒྱུ་འབྲས་འཁོར་ཟེར་བ་འདི། མ་འོངས་པར་བདེ་སྡུག་འབྱུང་བ་ཙམ་ཞིག་མ་ཡིན་པར། ད་ལྟ་དུག་གསུམ་གང་རུང་ཞིག་གི་སྒོ་ནས་མི་དགེ་བ་ཞིག་བསགས་པ་ཡིན་ན། འཕྲལ་དུ་སེམས་ནང་དུ་བག་མི་ཕེབས་པ་ཞིག་དང་། མི་སྐྱིད་པ་ཞིག་དང་། དངངས་སྐྲག་ཅིག་འོང་གི་ཡོད་པ་མངོན་སུམ་མྱོང་གྲུབ་ཡིན་པས། དེའི་ཕྱིར་ལུས་སེམས་ལ་དཀའ་ངལ་འབྲལ་འདོད་ན་སྡིག་པ་མ་བསགས་རོགས།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༧ལ་ཕུལ།
རྒྱ་ཡིག 不論貧富貴賤 人人都要遵守因果
དབྱིན་ཇིའི་ཡིག Irrespective of One’s Background as Being Rich or Poor, Noble or Humble, Everyone Must Abide by the Law of Causality
Facebook link