དམར་ཟས་ཟ་བ་ནི་མཐའ་གཅིག་ཏུ་དབང་ཡོད་ཀྱི་ལས་ཀ་ཞིག་རེད།

༼ དམར་ཟས་ཟ་བ་ནི་མཐའ་གཅིག་ཏུ་དབང་ཡོད་ཀྱི་ལས་ཀ་ཞིག་རེད། ༽

ཤ་ཟ་ཆོག་མི་ཆོག་ཟེར་བ་དེ།  ཤ་ཟ་མཁན་དང་མི་ཟ་མཁན་སུ་ལ་ཡང་འདྲི་མི་དགོས།

དེ་བཞིན་དུ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བཀའ་དང་བསྟན་བཅོས་ནང་དུ་གསུངས་ཡོད་མེད་བརྟག་དཔྱད་ཟབ་མོ་མང་པོ་གང་ཡང་བྱེད་མི་དགོས་པར་ཚེ་སྲོག་གི་བདག་པོ་སེམས་ཅན་ཁོ་རང་ལ་ཁྱོད་ཀྱི་ཤ་ངས་ཟ་ན་འགྲིག་གི་རེད་དམ་ཞེས་དྲིས་དང་།

ཚེ་སྲོག་གི་བདག་པོས་ཟ་ཆོག་ཟེར་ན་ཆོག་རེད།

མི་ཆོག་ཟེར་ན།
དུས་ནམ་ཡང་ཟ་མི་ཆོག་པ་ཞིག་རེད།  དེ་ཡིན་དུས་བདག་པོ་ཁོ་རང་གི་ལུས་སྲོག་དེ་ཁོ་རང་ལ་དབང་ཆ་ཡོད་རེད།

གཞན་གྱིས་ཐག་ཆོད་བྱས་པ་དེ་དབང་ཡོད་ཀྱི་ལས་ཀ་ཞིག་རེད།

འདིའི་དོན་ནི་བྱིས་པ་ཡན་ཆད་ཀྱིས་རྟོགས་ཐུབ་པ་་ཞིག་རེད་སྡད་ཡོད་དུས།  རྟགས་དཔྱད་མང་པོ་གང་ཡང་དགོས་མ་རེད།

མཆོག་སྤྲུལ་མིང་འཛིན་ནས་ཕུལ།།
སྤྱི་ལོ། ༢༠༢༥ ཟླ་ ༤ ཚེས་ ༢༡ ལ།

 

རྒྱ་ཡིག  吃肉是一種欺壓的行為
དབྱིན་ཇིའི་ཡིག  Meat-Eating is an Act of Bullying

 

ཤ་ཟ་སྤང་བ།

 

Leave a comment

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།