མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་བདེན་སྨོན་འཆི་མེད་རྡོ་རྗེའི་དབྱངས་སྙན་བཞུགས།
འཕགས་པའི་ཡུལ་དུ་རྒྱལ་སྲས་དགྲ་ཅན་འཛིན།།
རྗེ་འབངས་ལ་གསུམ་རྒྱལ་བ་བྱང་ཆུབ་ཞབས།།
གསང་ཆེན་ཤིང་རྟ་ཀུན་བཟང་ཤེས་རབ་ཀྱི།།
མཆོག་གི་སྤྲུལ་སྐུའི་ཞབས་པད་བརྟན་གྱུར་ཅིག།
འཕགས་པའི་ཡུལ་དུ་རྒྱལ་སྲས་དགྲ་ཅན་འཛིན།།
རྗེ་འབངས་ལ་གསུམ་རྒྱལ་བ་བྱང་ཆུབ་ཞབས།།
གསང་ཆེན་ཤིང་རྟ་ཀུན་བཟང་ཤེས་རབ་ཀྱི།།
མཆོག་གི་སྤྲུལ་སྐུའི་ཞབས་པད་བརྟན་གྱུར་ཅིག།
བདུད་སྡེའི་འཇི༷གས་ཚོགས་ཐོགས་མེ༷ད་ནུས་མཐུས་བཅོམ།།
བློ༷་གྲོ༷ས་མི་ཟད་གཏེར་ལ་རང་དབང་སྒྱུར།།
ཟབ་དོན་སེ༷ང་གེ༷ངའི་ང་རོ་སྒྲོགས་བཞིན་དུ།།
གསང་བསྟན་སྙིང་པོའི་དཔལ་དུ་ཡུན་འཚོ་ཤོག།