མཆོག་སྤྲུལ་རིན་པོ་ཆེའི་ང་ལ་ཆང་མགྲོན་བྱས།

丹貝旺旭法王與白玉秋竹師父合影

མཆོག་སྤྲུལ་རིན་པོ་ཆེའི་ང་ལ་ཆང་མགྲོན་བྱས།
(མཆོག་སྤྲུལ་རིན་པོ་ཆེའི་ཆང་གནང་ནས་ནད་བཅོས་ཀྱི་ངོ་མཚར་གནང་བ)
(ང་དང་ངའི་སློབ་དཔོན་གྱི་རིམ་པ།)

སྔོན་ཆད་ང་ལ་ཕོ་བའི་མ་ཞུ་གསུས་ནད་ཀྱི་ནད་གཞི་་ཡོད་པས། ནད་དེས་ང་ལ་དཀའ་ངལ་བཟོས་ནས་ལོ་མང་ཕྱིན་སོང་།   རྒྱུན་དུ་ཕོ་བའི་འོ་ལེབ་སྨན་ 胃乳片 ཞེས་པའི་ཕོ་སྨན་ཟ་དགོས་པ་དང་།   ཆུ་ཡང་བུལ་གཤིས་ཆུ་ལས་གཞན་འཐུང་མི་རུང་།   དེའི་ཕྱིར་ཁྱིམ་དུ་གློག་འབྱེད་ཁ་གྱེས་པའི་བུལ་གཤིས་ཆུ་འཚག་ཆས་སྒྲིག་སྦྱོར་བྱས་ཡོད།   ཐ་ན་སྤྱིར་བཏང་གི་ཆུ་བཏུང་ན་ཡང་ང་ལ་མཚོན་ན་མི་བདེ་བའི་ཚོར་བ་སྟེར་སྲིད།   འཚིག་ཇ་ལྟར་བུའི་སྐོམ་ཆུའི་རིགས་སོགས་ང་ལ་མཚོན་ན་ཚྭ་སྐྱུར་དང་འདྲ་བར་ཆང་ནི་དེ་བས་བཤད་མི་དགོས།

ངས་ཀྱང་རྟག་ཏུ་མཆོག་སྤྲུལ་གྱི་རྗེས་སུ་འབྲངས་ནས་གང་སར་གསོལ་ཚིགས་སུ་འགྲོ་་གི་ཡོད་ཀྱང་མཆོག་སྤྲུལ་རིན་པོ་ཆེས་་ང་ལ་ཆང་རག་གཏན་ནས་འཐུང་དུ་འཇུག་གི་མེད་པར་མ་ཟད།   མ་ཞུ་གསུས་ནད་ཀྱི་ཕོ་བའི་ནད་གཞིས་རྐྱེན་པས་་་དེ་བས་ཀྱང་ཆང་རག་་མཐུང་མི་རུང་།   ཉིན་ཞིག་གི་དགོང་མོར་ཐའེ་ཝན་ལྟེ་གནས་ནས་རྒྱུན་ལྡན་གྱི་དགོང་ཟས་འདི་འདྲ་ཞིག་ལ་མཆོག་སྤྲུལ་རིན་པོ་ཆེའི་གློ་བུར་དུ་ལོ་མང་འགོར་བའི་ཅིན་མིན་ཀའོ་ལིང་ 金门高粱 (ཐའེ་ཝན་གྱི་ཚད་མཐོའི་ཆང་ཞིག) ཁྱེར་ནས་ཆང་ཕོར་བཟུང་ནས་ང་ལ་འཐུང་དུ་བཅུག ང་རང་ཧ་ལས་ནས་མགོ་ལྤགས་སྲ་མོ་བྱས་ནས་ཆང་ཕོར་དེ་སྐམ་དུ་བཅུག ཁ་་གང་འཐུང་བས་ཧ་ཅང་ཞིམ།   འོན་ཀྱང་མིད་པ་ཧྲིལ་པོར་མི་བདེ་བའི་ཚོར་སྣང་སྐྱེས་བྱུང་།

ད་དུང་མེ་ལྕེ་དྲག་པོས་བསྲེགས་པའི་མྱོང་ཚོར་མཚོན་ཁོམ་མ་བྱུང་བར་མཆོག་སྤྲུལ་རིན་པོ་ཆེས་་ལམ་སེང་ཡང་བསྐྱར་ཕོར་པ་གང་སྤྲད་དེ་” ཆང་འདི་སྐམ་དགོས” ཞེས་གསུངས་།   དེ་རིང་དགོང་དྲོ་ནི་རྒན་ལགས་ཀྱི་ང་ལ་ཆེད་དུ་ཆང་འགྲོན་གནང་བ་རེད་འདུག་།   དེ་ལྟར་བྱས་ནས་ངས་ཡང་བསྐྱར་ཕོར་པ་གང་འཐུང་བ་དང།   ཕོར་པ་མང་པོ་མ་འཐུང་བར་སྐྱུག་མེར་ལངས་ནས་ཕྱིར་སྐྱུག་རྗེས་མཆོག་སྤྲུལ་དགོད་ཤོར་བཞིན་ཡང་ཕོར་པ་གང་སྤྲད་་།   དེ་ནས་མུ་མཐུད་དུ་འཐུང་བར་གྱུར་ནས་བཟོད་མ་ཐུབ་པར་ཡང་བསྐྱར་སྐྱུགས་སྟེ་ཕར་ཚུར་རྒྱུགས་ཐེངས་ག་ཚོད་བྱས་ཡོད་མེད་གསལ་པོ་བཤད་རྒྱུ་མེད་་།   མཇུག་མཐར་ཐའེ་པེ་ལྟེ་གནས་ཀྱི་ཤིང་དམར་གྱི་ཅོག་ཙེ་སྟེང་དུ་བཟི་ནས་འགུལ་མི་ཐུབ་པར་གྱུར་སོང་།   ཉིན་དེར་ 侨芸 (དགེ་གྲོགས་ཞིག) ཡང་ཡོད།   ངའི་ཡ་ང་བའི་རྣམ་པ་མཐོང་སོང་།   ཧ་ཧ་ཧ་་་་་་

ཉིན་གཉིས་པར་མཆོག་སྤྲུལ་གྱིས་”་ཁྱོད་ཚོས་ཁ་སང་དངོས་གནས་འཐུང་ཐུབ་འདུག ངའི་ལོ་མང་སོང་བའི་ཀོའོ་ལིང་སྒམ་གང་པོ་ཚང་མ་འཐུང་ཚར་སོང་”་ཞེས་གསུངས་སོང་།   རྗེས་ནས་མཆོག་སྤྲུལ་གྱིས་གནས་ཡུལ་གང་ཡིན་རུང་ང་ལ་ཆང་འཐུང་དུ་མི་འཇུག ཆང་དེ་འདྲ་མང་པོ་འཐུང་བས་ངས་ཀྱང་ཉིན་གཉིས་པར་ཕོ་ཁ་ན་བར་སེམས་ཁྲལ་སྐྱེས་།   ཡ་མཚན་པ་ཞིག་ལ།   ཉིན་དེ་ནས་བཟུང་ངའི་མ་ཞུ་གསུས་ནད་ཀྱི་ཕོ་ནད་ (胃食道逆流症状) རྩ་བ་ནས་ན་རྒྱུ་མེད་པར་གྱུར་སོང་།   དེ་ནས་བཟུང་ཕོ་སྨན་ཕོ་བའི་འོ་ལེབ་ཞེས་པའི་སྨན་ཟ་མི་དགོས་ལ།   རྒྱུན་ལྡན་ལྟར་ཆུ་འཐུང་བ་དང་འཚིག་ཇ་འཐུང་ཐུབ།

མཆོག་སྤྲུལ་གྱི་སློབ་སྟོན་ནི་འདི་ལྟར་སྟེ།   ང་ཚོའི་འཚོ་བ་དང་ཉེ་བར་བཅར་བ་མ་ཟད།   རྫུ་འཕྲུལ་གྱིས་བཀོད་པའམ་བསམ་ཡུལ་ལས་འདས་པ་ཞིག་ཡིན།   “མཆོག་སྤྲུལ་གྱི་ཁ་ལ་ཉན་” ཞེས་པའི་གནས་ལུགས་ནི་ཧ་ཅང་སྟབས་བདེ་པོ་ཞིག་ཡིན་མོད། འོན་ཀྱང་སྒྲུབ་ཐུབ་དགོས་ན་ལས་སླ་པོ་ཞིག་མ་རེད།   འདི་ནི་རང་ཉིད་ལ་འཕྲད་པས་གཞི་ནས་ཚོར་སྣང་ཡོང་གི་རེད།

མཆོག་སྤྲུལ་གྱི་གསུང་པ་ལྟར་སྒྲུབ་ན་བྱིན་རླབས་རེད།   དེ་བས་རང་ཉིད་ཀྱིས་བསམ་བློ་མང་པོ་གཏོང་དགོས་མ་རེད།

མཆོག་སྤྲུལ་རིན་པོ་ཆེའི་ང་ལ་ཆང་མགྲོན་བྱས་པར་བཀའ་དྲིན་ཆེ་ཞུ།   ཐེངས་འདི་གཅིག་པུར་ཡང་ངའི་མི་ཚེ་གང་བོར་ཕན་པ་ཐོབ་ལ་བརྗེད་མི་སྲིད་དོ།།

སློབ་ཆིའུ་ཀྲི་ཧྭས་།
徒 秋智华

རྒྱབ་མཆན།

ཕོ་བའི་ཟས་ལམ་ལྡོག་བཞུར་ནད་རྟགས་ (胃食道逆流症状) ཅན་གྱིས་ཆང་བཏུང་མི་རུང་ལ་དེ་བས་ཀྱང་ལད་ཟློས་བྱེད་མི་རུང་། མཇུག་འབྲས་བསམ་ཡུལ་ལས་འདས་པ་ཞིག་གོ།།

中文 《師父請我喝酒》

Facebook link