ཨེ་ཀ་ར་ན་བྷྱཿཙག་ཤ༔
༼ མཁས་པའི་དབང་པོ་ཚོར་དྲི་བ་ཞིག་ཞུ་རྒྱུ་འདུག་ལགས། ༽
為什麼眾生迷惑?
༄། །རྫོགས་པ་ཆེན་པོའི་རྒྱུད་དོན་ལྟར་དུ། ཐོག་མའི་སྤྱི་གཞི་དང་། དེ་ལས་གྲོལ་འཁྲུལ་གཉིས་བྱུང་གསུང་བའི་སྐབས་ཀྱི། རང་ངོ་ཤེས་ནས་གྲོལ་བ་དང་། རང་ངོ་མ་ཤེས་ནས་འཁྲུལ་བའི་དོན་དེ་སྤྱི་ལ་གོ་དགོས་སམ། སྒེར་ཞིག་ལ་གོ་དགོས། སྤྱི་ལ་གོ་དགོས་ན། དུས་གསུམ་གང་གི་སྐབས་ལ་འཇོག་དགོས། དེ་གང་ཟག་སྒེར་གྱི་དོན་ཡིན་ན། ང་ལྟ་བུ་ཞིག་རང་ངོ་མ་ཤེས་པར་འཁྲུལ་སོང་བ་དེ་སྔོན་རྒྱུ་རྐྱེན་གང་འདྲ་ཞིག་ལ་རྟེན་ནས་ངོ་མ་ཤེས་པ་རེད། རྒྱུ་རྐྱེན་གང་ཡང་མེད་པར་ལམ་འགྲོ་མེད་པའམ་རླུང་རྟ་རྒུད་པ་ལྟ་བུ་ལ་བརྟེན་ནས་རང་ངོ་མ་ཤེས་པ་རེད་ཟེར་དགོས་སམ། དོན་དེ་རྣམས་སྤྱི་བཤད་ཙམ་ཞིག་མ་ཡིན་པར་ཞིབ་ཕྲའི་སྒོ་ནས་བཀའ་ལན་ཡོད་པར་ཞུ་ཞུ་ཞུ།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༠ཚེས་༩ལ་ཕུལ།