སེམས་ཅན་ལ་མ་བསྟེན་པར་སངས་རྒྱས་འཐོབ་མི་ཐུབ།

不依眾生 不能成佛

༼ སེམས་ཅན་ལ་མ་བསྟེན་པར་སངས་རྒྱས་འཐོབ་མི་ཐུབ། ༽

༡ ༽
བདག་ནི་སེམས་ཅན་ཐམས་ཅད་ལ།།
ཡིད་བཞིན་ནོར་བུ་ལས་ལྷག་པའི།།
དོན་མཆོག་སྒྲུབ་པའི་བསམ་པ་ཡིས།།
རྟག་ཏུ་གཅེས་པར་འཛིན་པར་ཤོག།

༄།   །ཐེག་ཆེན་ཆོས་ཀྱི་འཇུག་སྒོ་ལས།   སངས་རྒྱས་སྐྱབས་སུ་བསྟེན་པ་གཅིག་པུས་མཆོག་གི་གོ་འཕང་འཐོབ་མི་ཐུབ།   དེའི་ཕྱིར་སངས་རྒྱས་སྒྲུབ་པ་ལ་རྟེན་སྨོན་སེམས་ཀྱི་ཡུལ་དང་།   བརྟེན་པ་འཇུག་པ་སེམས་བསྐྱེད་ཀྱི་ཡུལ་དངོས་སམ་མཆོག་ཏུ་གྱུར་པ་ནི་ཕ་མ་སེམས་ཅན་རྣམས་ཡིན་པས།   རང་ལ་ཇི་ལྟར་གཅེས་པར་འཛིན་པ་ལྟར་སེམས་ཅན་རྣམས་ལའང་དེ་ལྟར་གཅེས་པར་འཛིན་རྒྱུ་གལ་ཆེན་ཡིན་ཞེས་ཀུན་ལ་དྲན་བསྐུལ་དུ།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༤ལ་ཕུལ།

རྒྱ་ཡིག   不依眾生 不能成佛
དབྱིན་ཇིའི་ཡིག   One Cannot Attain Buddhahood Without Relying on Sentient Beings
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།

བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།