༼ བུ་ལོན་ཚང་མ་སྤྲོད་ཐུབ་སོང་། ༽
༦ ༽
གང་ལ་བདག་གིས་ཕན་བཏགས་པའི།།
རེ་བ་ཆེ་བ་གང་ཞིག་གིས།།
ཤིན་ཏུ་མི་རིགས་གནོད་བྱེད་ནའང་།།
བཤེས་གཉེན་དམ་པར་བལྟ་བར་ཤོག།
༄། །གཞན་གྱིས་བདག་ལ་གནོད་པ་སྐྱེལ་བ་ནི། ཚེ་སྔ་མའི་ལན་ཆགས་རྣམས་ཚེ་འདི་ལ་འཁོར་ཡོང་བ་ཡིན། ད་ལྟ་བུ་ལོན་སྤྲོད་པའི་སྐབས་སུ་བབས་པ་ཡིན་པ་མ་གཏོགས། རྒྱུ་མཚན་མེད་པ་ལས་བྱུང་བ་ཞིག་མ་རེད། སངས་རྒྱས་ཀྱི་ཞལ་ནས། ལས་ནི་ས་ལའང་མི་སྨིན། རྡོ་ལའང་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་རོ།། གསུངས་པ་ལྟར། ལས་རྒྱུ་འབྲས་འཁོར་གྱི་ཡོད་རེད། དེའི་ཕྱིར་དགའ་སྤྲོའི་ངང་ནས་དང་ལེན་ཞུ་རྒྱུ་གལ་ཆེན་ཡིན། འདིའི་དོན་གཟིགས་པ་ཙམ་མ་ཡིན་པར་སེམས་ལ་འཆང་རྒྱུ་གལ་ཆེ།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༩ལ།
རྒྱ་ཡིག 太好了 債都還清了
དབྱིན་ཇིའི་ཡིག Great! All Debts Have Been Repaid!
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།
བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།
- ཚིག་་སྐབས་༡། སེམས་ཅན་ལ་མ་བསྟེན་པར་སངས་རྒྱས་འཐོབ་མི་ཐུབ།
- ཚིག་་སྐབས་༢། འདྲེ་ཡིས་ཁྱོད་མི་བཟང་པོ་ཡིན་པ་ཤེས་འདུག
- ཚིག་་སྐབས་༣། གནས་ཚུལ་ཡག་པོ་ཞིག་འདུག
- ཚིག་་སྐབས་༤། ཁྱེད་ལ་གོ་སྐབས་བཟང་པོ་ཞིག་ཐོབ་སོང་།
- ཚིག་་སྐབས་༥། ཀུན་གྱི་དགའ་རྟགས་ཁྱེད་ལ་ཐོབ་འོང་།
- ཚིག་་སྐབས་༧། སྦས་ནས་བསྒྲུབས་ན་བྱ་བ་ཆེན་པོ་འགྲུབ་འོང་།
- ཚིག་་སྐབས་༨། ཅི་ཙམ་གསང་ཐུབ་ན་དེ་ཙམ་ལེགས་འདུག