༼ སྦས་ནས་བསྒྲུབས་ན་བྱ་བ་ཆེན་པོ་འགྲུབ་འོང་། ༽
༧ ༽
མདོར་ན་དངོས་སམ་བརྒྱུད་པ་ཡིས།།
ཕན་བདེ་མ་རྣམས་ཀུན་ལ་འབུལ།།
མ་ཡི་གནོད་དང་སྡུག་བསྔལ་ཀུན།།
གསང་བས་བདག་ལ་ལེན་པར་ཤོག།
༄། །མདོར་ན་སྨོན་པ་དང་འཇུག་པ་གང་གི་སྐབས་སུ་ཡང་། ལེགས་པའི་ཆ་ཀུན་སེམས་ཅན་ལ་འབུལ་བ་དང་། ཉེས་པའི་ཆ་ཅི་ཡོད་པ་ཐམས་ཅད་རང་གིས་ལེན་པ་དང་། དེ་ཡང་གསང་བའམ་སྦས་པའི་ཚུལ་གྱིས་བསྒྲུབས་པ་ཡིན་ན། ཆོས་ཡང་དག་པ་ཞིག་འགྲུབ་ངེས་ཡིན། དེའི་ཕྱིར་ཀུན་གྱིས་ཐུགས་ལ་འཛིན་པར་ཞུ།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༢ལ་ཕུལ།
རྒྱ་ཡིག 低調能成大事
དབྱིན་ཇིའི་ཡིག The One Who Keeps a Low Profile Achieves Great Cause
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།
བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།
- ཚིག་་སྐབས་༡། སེམས་ཅན་ལ་མ་བསྟེན་པར་སངས་རྒྱས་འཐོབ་མི་ཐུབ།
- ཚིག་་སྐབས་༢། འདྲེ་ཡིས་ཁྱོད་མི་བཟང་པོ་ཡིན་པ་ཤེས་འདུག
- ཚིག་་སྐབས་༣། གནས་ཚུལ་ཡག་པོ་ཞིག་འདུག
- ཚིག་་སྐབས་༤། ཁྱེད་ལ་གོ་སྐབས་བཟང་པོ་ཞིག་ཐོབ་སོང་།
- ཚིག་་སྐབས་༥། ཀུན་གྱི་དགའ་རྟགས་ཁྱེད་ལ་ཐོབ་འོང་།
- ཚིག་་སྐབས་༦། བུ་ལོན་ཚང་མ་སྤྲོད་ཐུབ་སོང་།
- ཚིག་་སྐབས་༨། ཅི་ཙམ་གསང་ཐུབ་ན་དེ་ཙམ་ལེགས་འདུག