Choktrul20210221 ༼ རང་ཚུལ་ལེགས་པར་བརྗོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ། ༽

༄། །རོང་ཟོམ་པ་ཡི་རིགས་པའི་རྗེས་སུ་ཟློ།། ཀུན་མཁྱེན་ཆེན་པོའི་དགོངས་པ་མངོན་དུ་གྱུར།། མདོ་སྔགས་ཆོས་ཀུན་གཅིག་ཤེས་ཀུན་གྲོལ་བ།། མཆོག་སྤྲུལ་སྨྱོན་པའི་རང་གཤིས་འདི་ཀ་འོ།། འཇིག་རྟེན་ཆོས་བརྒྱད་ནོར་གྱིས་དབུལ་ན་ཡང་།། དད་སོགས་ཆོག་ཤེས་བསོད་ནམ་ངང་གིས་འདུ།། རིག་པ་ཡེ་ཤེས་མཆོག་ལས་མི་གཡོ་བར།། ད་ནི་བྱུང་རྒྱལ་ངང་དུ་མི་ཚེ་འདའ།། མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པ།། གཅིག་ཀྱང་ལྷག་མེད་བྱང་ཆུབ་ཆེན་པོའི་སར།། སྒྲོལ་བའི་དམ་བཅའི་ཁུར་ཆེན་བདག་གཅིག་པུས།། ཁུར་ནས་སྲས་བཅས་རྒྱལ་བའི་མཛད་པ་བསྒྲུབ།།

མཆོག་པཎ་འཇིགས་མེད་སེངྒེ་ནས་སྤྱི་ལོ་ ༢༠༢༡ ཟླ་༢ ཚེས་༢༠ལ།

 

རྒྱ་ཡིག   自我感覺良好 དབྱིན་ཇིའི་ཡིག  ་Feeling Good About Myself བརྒྱུད་བསྐུར།    Facebook མཆོག་པཎ།