བཀའ་དྲིན་ཆེ་ཞུ།

太好了 債都還清了

༼ བཀའ་དྲིན་ཆེ་ཞུ ༽

ཤྲི་ཚང་ཞུ་བ་ཞིག་གིས་སྔགས་འཆང་རིག་འཛིན་དགྱེས་པའི་ཐོལ་གླུ་ཀ་དག་གི་ཟླ་བ་ཞེས་བྱ་བ་བྲིས་ནས་གནང་འདུག་པ་དང་།   གཞན་ཡང་དཔའ་སྨྱོན་ཞུ་བ་སོགས་ཀྱིས་ཀྱང་དེ་མཐུན་གྱི་དགོངས་འཆར་བཀའ་བཀྱོན་གནང་བ་སོགས་ཧ་ཅང་ཡག་པོ་རེད།   བཀའ་དྲིན་ཆེ། རིག་འཛིན་སྔགས་འཆང་རྣམས་ཀྱི་ཆེ་བ་བརྗོད་པ་དང་།   ང་རང་ལ་དངོས་སུ་མིང་བཏགས་ནས་གདམས་ངག་མང་པོ་གསུངས་འདུག   ཤིན་ཏུ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།   རང་ལ་ཆ་བཞག་ན་ནམ་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཡིན་ཟེར་ནས་བཤད་མ་མྱོང་ལ།   རྩོམ་ཡིག་འདིར་ཡང་ང་ཚོ་སྔགས་པ་ཞེས་བྲིས་ཡོད་པ་ལས་ཁྱེད་ཚོ་སྔགས་པ་ཞེས་སྨོས་མེད།   ང་ནི་རང་སྐྱོན་རང་གིས་ཚོར་བའི་སྨྱོན་པ་ཞིག་ཡིན།   ད་དུང་རང་གི་མ་ཚོར་བ་མང་པོ་ཞིག་ཀྱང་ཁྱེད་རྣམས་ཀྱིས་གསུངས་འདུག་པས།   རང་སྐྱོན་མཐོང་བའི་ཤེས་རབ་ཡར་རྒྱས་ལ་ཕན་ཐོག་ཆེན་པོ་བྱུང་སོང་།   དེ་རིང་ནས་བཟུང་ཁྱེད་རང་རྣམས་དགེ་བའི་བཤེས་གཉེན་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད།   ཁྱེད་རྣམས་ཀྱིས་ཀྱང་དེ་བཞིན་སྐྱབས་འཇུག་གནང་རོགས་ཞུ།    གུས་དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་གུས་ཕྱག་བཅས་ཕུལ།   ???

རང་ཉིད་ཚོད་ཟིན་ཨི་ཡོད་ན།།
གཞན་སྐུལ་ཚོད་གཟུང་སྐད་གསང་མཐོ།།
རང་ཉིད་མཐོ་བའི་ཁྲི་འཕངས་འགྱིང་།།
གཞན་ལ་དམན་ས་འཛིན་དགོས་གཤེ།
རང་གིས་གང་འདོད་འདོད་ཡོན་སྤྱོད།།
ཕ་རོལ་ཞེན་ཆགས་ཆེ་སོང་ཟེར།།
རང་གིས་གང་བྱས་དགེ་ལུགས་མཐུན།།
གཞན་གྱིས་མི་མཐུན་མི་དགེའི་ལས།།
རང་ལྟ་མཆོག་འཛིན་ཕ་རོལ་སྨོད།།
དེ་དང་དེ་འདྲའི་གྲངས་ཀྱི་ཕྱོགས།།
རང་མིན་གཞན་རྣམས་ནོར་བའི་གཏམ།།
སྒྲོག་པར་དགའ་འདི་ངོ་ཚ་མིན།།
དཔའ་སྨྱོན་བདག་གིས་བསམ་ཚུལ་བརྗོད།།
ནོར་འཁྲུལ་གང་མཆིས་བཟོད་གསོལ་ཞུ།།   །།

རྒྱ་ཡིག    感 恩
Facebook link

སྔགས་པའི་རིམ་པ།