ཀློང་ཆེན་རབ་འབྱམས་ཞེས་པའི་མཚན་དོན་ནི།
ཀློང་ཆེན་ཟེར་བ་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད། རྒྱ་གང་དུ་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་ཟེར་བ་རེད།
རབ་འབྱམས་ཞེས་པ་ནི། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དེ། ཆད་ལྷག་མེད་པའི་དོན་རེད།
དེ་ལྟ་བུ་མཚན་དང་ལྡན་པའི་བླ་མ་དེ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་དང་བཅས་པ། བླ་མ་དེའི་མཚན་དང་། བླ་མ་དེ་ལ་མ་ཚང་བ་མེད་པའི་དོན་ཡིན། དེའི་ཕྱིར་བླ་མ་དེའི་རྗེས་དྲན་ལ་རབ་ཆོས་ཉིད་ཀྱི་ཀློང་ལ་གཡོ་བ་མེད་པར་བཞུགས་རྒྱུ་དང་། ཐ་མ་ཡང་བླ་མ་དེ་ལ་མོས་གུས་དང་། དད་པ། དྭངས་བ་རྩེ་གཅིག་ཏུ་གཏད་དེ་བཞུགས་རྒྱུ་དེ་མཆོག་སྤྲུལ་སྨྱོན་པའི་རྗེས་དྲན་ཞུ་སྟངས་ཡིན།
ཞེས་རང་སློབ་དམ་པ་རྫོགས་ཆེན་གླིང་གི་ཚོགས་གཙོ་མཆོག་འོད་གསལ་ལམ་དྲྭ་མིང་རྒྱ་གྲོལ་གྱི་བསྐུལ་ངོར་མཆོག་སྤྲུལ་ནས་ཡིད་དྭངས་བས་བྲིས་པའོ། རྒྱ་གྲོལ་ནས་ཡིག་གེར་བཏབས་སོ།