༼ ངའི་སྔོན་གནས་རྗེས་དྲན། ༽
༄། །ང་རང་འདོད་ཆགས་ཆེ་ལུགས་ལ་བསམ་ན་བྱ་ཡི་སྐྱེ་བ་ཡིན་ངེས། དེ་བཞིན་དུ་ཞེ་སྡང་ལ་བསམ་ན་སྦྲུལ་དང་། གཏི་མུག་ལ་བསམ་ན་ཕག་དང་། ང་རྒྱལ་ལ་བསམ་ན་རྨ་བྱ། ཕྲག་དོག་ལ་བསམ་ན་ཁྱི་དང་། དྲན་རྒྱུ་མང་པོ་ལ་བསམ་ན་སྤྲེའུ། སྙིང་སྟོབས་མེད་པ་ལ་བསམ་ན་བྱི་བའི་སྐྱེ་བ་རེད་འདུག འདི་ཚོ་རང་རྒྱུད་ལ་མངོན་སུམ་དུ་གྲུབ་པ་ཡིན་པས། ང་ཡི་སྐྱེ་བ་སྔོན་མ་འདི་དག་ཡིན་ངེས། ཀུན་གྱིས་དགོངས་པ་བཞེས་རོགས།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༤ལ་ཕུལ།
རྒྱ་ཡིག 我找到了我的前世
དབྱིན་ཇིའི་ཡིག I Have Found What I Was in My Past Life
བརྒྱུད་བསྐུར། Facebook
མཆོག་སྨྱོན་པའི་ཚུལ།