འདྲེ་ཡིས་ཁྱོད་མི་བཟང་པོ་ཡིན་པ་ཤེས་འདུག

鬼也知道你是好人

༼ འདྲེ་ཡིས་ཁྱོད་མི་བཟང་པོ་ཡིན་པ་ཤེས་འདུག ༽

༢ ༽
གང་དུ་སུ་དང་འགྲོགས་པའི་ཚེ།།
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།།
གཞན་ལ་བསམ་པ་ཐག་པ་ཡིས།།
མཆོག་ཏུ་གཅེས་པར་འཛིན་པར་ཤོག།

༄།   །མི་དང་ལྷ་དང་འདྲེ་དང་དུད་འགྲོ་སོགས་སུ་དང་ལྷན་ཅིག་ཏུ་གནས་ཀྱང་།   དེ་ཉིད་གོང་དུ་བཀུར་ནས་རང་ཉིད་དམན་པའི་སར་བསྡད་པ་ཡིན་ན།   སུ་དང་གང་ལ་ཡང་ཕོག་ཐུག་མི་འགྲོ་བར་ཞི་བདེའི་ངང་འཚོ་བ་སྐྱེལ་ཐུབ་པ་ཡིན།   ཀུན་གྱིས་དགོངས་པ་བཞེས་རོགས།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༡༦ལ་ཕུལ།

རྒྱ་ཡིག   鬼也知道你是好人
དབྱིན་ཇིའི་ཡིག   Even Ghosts Would Know That You Are a Nice Guy
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།

བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།