༼ ཀུན་གྱི་དགའ་རྟགས་ཁྱེད་ལ་ཐོབ་འོང་། ༽
༥ ༽
བདག་ལ་གཞན་གྱིས་ཕྲག་དོག་གིས།།
གཤེ་བསྐུར་ལ་སོགས་མི་རིགས་པའི།།
གྱོང་ཁ་རང་གིས་ལེན་པ་དང་།།
རྒྱལ་ཁ་གཞན་ལ་འབུལ་བར་ཤོག།
༄། །མདོར་ན་སེམས་ཅན་གྱི་སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་རང་གིས་ཚུར་བླངས། རང་ལ་ཡོད་པའི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་ཕར་འབུལ་ཐུབ་པ་ཡིན་ན། སུས་ཀྱང་ཁྱེད་ལ་མི་དགའ་བ་བྱེད་མི་སྲིད། ནམ་ཞིག་ན་འགྲོ་བ་ཀུན་གྱིས་ཁྱེད་ལ་བཀུར་འོང་བའང་ཆོས་ཉིད་རེད། དེ་དུས་ངས་ཀྱང་ཁྱེད་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན། དེའི་ཕྱིར་ཀུན་གྱིས་ཐུགས་ལ་ངེས་པར་འཛིན་རོགས།
དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་སྤྱི་ལོ་༢༠༢༠ཟླ་༡༡ཚེས་༢༠ལ།
རྒྱ་ཡིག 收到眾人的祝賀
དབྱིན་ཇིའི་ཡིག Receiving Congratulations from All
བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།
བློ་སྦྱོང་ཚིག་བརྒྱད་མའི་རིམ་པ།
- ཚིག་་སྐབས་༡། སེམས་ཅན་ལ་མ་བསྟེན་པར་སངས་རྒྱས་འཐོབ་མི་ཐུབ།
- ཚིག་་སྐབས་༢། འདྲེ་ཡིས་ཁྱོད་མི་བཟང་པོ་ཡིན་པ་ཤེས་འདུག
- ཚིག་་སྐབས་༣། གནས་ཚུལ་ཡག་པོ་ཞིག་འདུག
- ཚིག་་སྐབས་༤། ཁྱེད་ལ་གོ་སྐབས་བཟང་པོ་ཞིག་ཐོབ་སོང་།
- ཚིག་་སྐབས་༦། བུ་ལོན་ཚང་མ་སྤྲོད་ཐུབ་སོང་།
- ཚིག་་སྐབས་༧། སྦས་ནས་བསྒྲུབས་ན་བྱ་བ་ཆེན་པོ་འགྲུབ་འོང་།
- ཚིག་་སྐབས་༨། ཅི་ཙམ་གསང་ཐུབ་ན་དེ་ཙམ་ལེགས་འདུག