བྱང་ཆུབ་སེམས་ལ་བསྟོད་པ། 01 – 05

avalokiteshvara20201026

༼ ཉིན་རེར་བཞིན་བྱང་ཆུབ་སེམས་ལ་བསྟོད་པ། ༽

༼ ༡ ༽
༄། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
སངས་རྒྱས་ཀུན་གྱིས་བགྲོད་པའི་ལམ།།
ཕན་བདེ་མ་ལུས་འབྱུང་བའི་གནས།།
དེ་ལ་གུས་པས་ཕྱག་འཚལ་ལོ།།

༼ ༢ ༽
ཚེ་འདིར་བདེ་ཞིང་སྐྱིད་འདོད་ན།།
བྱང་ཆུབ་སེམས་མཆོག་བསྐྱེད་པར་མཛོད།།
ཕྱི་མར་ཐར་བ་ཐོབ་འདོད་ན།།
བྱང་ཆུབ་སེམས་ལ་བརྩོན་པར་བྱ།།

༼ ༣ ༽
འཁོར་བའི་སྡུག་བསྔལ་ཆུ་བོ་ལས།།
བསྒྲོལ་བར་འདོད་པའི་གང་ཟག་རྣམས།།
བྱང་ཆུབ་སེམས་ཀྱིས་གྲུ་ཆེན་ལ།།
མྱུར་བ་ཉིད་དུ་འཇུག་པར་རིགས།།

༼ ༤ ༽
བྱང་ཆུབ་སེམས་མཆོག་མེད་གྱུར་ན།།
བྱ་བ་གང་ཞིག་བསྒྲུབ་པའམ།།
དགེ་བ་རྒྱ་ཆེར་བརྩོན་པ་རྣམས།།
འབྲས་བུ་ཆེན་པོ་འབྱུང་མ་ཡིན།།

༼ ༥ ༽
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།།
བྱང་ཆུབ་སེམས་ལ་མཆོད་པ་འབུལ།།
བྱང་ཆུབ་སེམས་ལ་གསོལ་བ་འདེབས།།
བྱང་ཆུབ་སེམས་དང་མི་འབྲལ་ཤོག།

དཔལ་ཡུལ་མཆོག་སྤྲུལ་མིང་འཛིན་ནས་
སྤྱི་ལོ་༢༠༢༠ཟླ་༡༠ཚེས་༢༦ནས་ཟླ་༡༠ཚེས་༣༠བར་ལ་ཕུལ།

རྒྱ་ཡིག   菩提心讚頌 01 – 05
དབྱིན་ཇིའི་ཡིག   Praises on Bodhicitta 01 – 05
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

བྱང་ཆུབ་སེམས་ལ་བསྟོད་པའི་རིམ་པ།